བོད་ནང་གི་བོད་མིའི་གནས་སྟངས་དཀའ་ལས་ཁག་པོ་ཡིན་པ།

བོད་ནང་གི་བོད་མི་ཚོའི་གནས་སྟངས་ཧ་ཅང་གི་དཀའ་ལས་ཁག་པོ་ཡིན་པ་དང་། ལོ་བཅུའི་གོང་དང་བསྡུར་ན་ལྷ་སའི་མི་འབོར་ལྡབ་ལྔ་ཙམ་འཕར་ཡོད་པ།

བོད་ནང་སྐྱོད་མཁན་གྱི་ཕྱི་རྒྱལ་བ་གཉིས་ནས་གསར་འགོད་ལྷན་ཚོགས་ཐོག་བཀའ་མོལ་གནང་བཞིན་པ།

ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། ཉེ་ལམ་བོད་ནང་སོང་བའི་ཕྱི་རྒྱལ་བ་གཉིས་ཀྱིས་མྱོང་ཚོར་བརྗོད་པའི་སྐབས་སུ། བོད་ནང་གི་བོད་མི་ཚོའི་གནས་སྟངས་ཧ་ཅང་གི་དཀའ་ལས་ཁག་པོ་ཡིན་པ་དང་། ལོ་བཅུའི་གོང་དང་བསྡུར་ན་ལྷ་སའི་མི་འབོར་ལྡབ་ལྔ་ཙམ་འཕར་ཡོད་པ་སོགས་ཀྱི་གནས་སྟངས་འགྲེལ་བརྗོད་གནང་བ་བསོད་ནམས་ལྷ་མོས་ཕྱོགས་བསྡུས་ཞུས་པར་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org