གཏེར་ཁ་སྔོག་འདོན་ལ་བོད་མིས་ངོ་རྒོལ།

བོད་ལྗོངས་ཆབ་མདོ་མཛོ་སྒང་རྫོང་སྟོང་འབར་ཤང་ནང་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་རྒྱ་མི་ཚོར་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་དེ་དང་འབྲེལ་བའི་སྐོར།

སྟོང་འབར་ཡུལ་ཚོའི་ཐོག་ཁང་དང་བོད་མི་འཕཊ་པ་རྒྱལ་མཚན། ༢༠༡༤ པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

༄༅།    །ཐེངས་འདིའི་ཁ་བ་གྲོས་རྭ་ཞེས་པའི་ལེ་ཚན་ནང་། བོད་ལྗོངས་ཆབ་མདོ་མཛོ་སྒང་རྫོང་སྟོང་འབར་ཤང་ནང་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་རྒྱ་མི་ཚོར་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་དེ་དང་འབྲེལ་བའི་སྐོར་ལ་ད་ལྟ་སུ་གྲེན་ལ་གནས་བཞུགས་དང་རྒྱ་མིས་གཏེར་ཁ་སྔོག་འདོན་བྱེད་སའི་ས་གནས་དེ་རང་ནས་ཡིན་པའི་ཨ་དག་ལགས་དང་།    ཡང་ལུང་པ་དེ་རང་ནས་ཡིན་པའི་ད་ལྟ་ཡོ་རོབ་ལ་གནས་བཞུགས་བོད་གནད་ཞིབ་འཇུག་པ་བཀྲིས་ལགས། དེ་བཞིན་ས་གནས་དེ་ནས་ཡིན་པ་དང་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་གནས་བཞུགས་རྒན་བྱམས་པ་ལགས་དང་།    རྒན་ཆོས་གྲུབ་ལགས་བཅས་དང་ལྷན་དུ་ལས་རིམ་གཙོ་སྐྱོང་བ་བློ་བཟང་ཆོས་འཕེལ་ལགས་ཀྱིས་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org