ཉ་འཛིན་རྒྱུ་བཀག་འགོག་གི་ལས་འགུལ།
བོད་ཀྱི་མཚོ་སྔོན་པོའི་ནང་རྒྱ་རིགས་ཀྱི་ཉ་འཛིན་རྒྱུ་བཀག་འགོག་གི་ལས་འགུལ་ཆེད་བོད་རིགས་འབྲོག་པ་རྣམས་ཀྱིས་ལས་འགུལ་སྤེལ་ཀྱང་རྒྱ་ནག་གི་དཔོན་རིགས་ཚོས་ལྐོག་ཏུ་འབྲེལ་བ་བྱས་པའི་ཐོག་ནས་གྲུབ་འབྲས་ཐོན་གྱི་མེད་པའི་སྐོར་གནས་ཚུལ་ཤེས་རྟོགས་བྱུང་འདུག
-
2015-01-19 -
-
-
Your browser doesn’t support HTML5 audio
༄༅། །བོད་ཀྱི་མཚོ་སྔོན་པོའི་ནང་རྒྱ་རིགས་ཀྱི་ཉ་འཛིན་རྒྱུ་བཀག་འགོག་གི་ལས་འགུལ་ཆེད་བོད་རིགས་འབྲོག་པ་རྣམས་ཀྱིས་ལས་འགུལ་སྤེལ་ཀྱང་རྒྱ་ནག་གི་དཔོན་རིགས་ཚོས་ལྐོག་ཏུ་འབྲེལ་བ་བྱས་པའི་ཐོག་ནས་གྲུབ་འབྲས་ཐོན་གྱི་མེད་པའི་སྐོར་གནས་ཚུལ་ཤེས་རྟོགས་བྱུང་འདུག དེ་ཡང་བོད་ཀྱི་མཚོ་སྔོན་པོ་ཁུལ་ནས་བོད་མི་ཞིག་གིས་ང་ཚོའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་སྐབས། ས་ཁུལ་དུ་གནས་པའི་བོད་རིགས་རྣམས་དང་ལྷག་དོན་དུ་འབྲོག་པ་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་དགེ་བསྒྲུབ་ཀྱི་དམིགས་ཡུལ་འཛིན་ནས་མཚོ་སྔོན་པོའི་ནང་ཉ་འཛིན་མཁན་བཀག་འགོག་གི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད་འདུག ལྷག་དོན་དུ་རྒྱ་ནག་སྲིད་གཞུང་གིས་མཚོ་སྔོན་པོའི་ཉེ་འཁོར་དུ་ཉ་འཛིན་བཀག་བསྡོམས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ལས་ཁུངས་ཀྱང་དངོས་སུ་བཙུགས་ཡོད་པ་དང་། ལྷག་དོན་དུ་སྐྱེས་ཁམས་རི་བསྐྱོད་སྲོག་ཆགས་སྲུང་སྐྱོབ་ཀྱི་ཆེད་དུ་ལས་བྱེད་ཀྱང་དངོས་སུ་བཙུགས་ཡོད་པ་རེད་འདུག འོན་ཀྱང་བོད་ནས་བོད་མི་དེ་ཉིད་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། ཉ་པ་དང་རྒྱ་རིགས་ལས་བྱེད་དང་ལྷག་དོན་དུ་སྐྱེས་ཁམས་རི་བསྐྱོད་སྲོག་ཆགས་སྲུང་སྐྱོབ་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ཁ་མཐུན་ནས་རྒྱ་རིགས་ཉ་པ་རྣམས་ཀྱི་ས་གནས་ལྐོག་དངུལ་ལེན་ནས་མཚན་མོ་ཉ་འཛིན་དུ་བཅུག་གི་ཡོད་པ་རེད་འདུག ལས་ཁུངས་ཀྱི་དྲིལ་བསྒྲགས་ནང་ཉ་འཛིན་མཁན་ལ་ཉེས་པ་ཚ་ནན་བཅད་རྒྱུ་གསལ་བསྒྲགས་བྱས་ཡོད་ཀྱང་། བོད་མི་རྣམས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་ཉ་འཛིན་པའི་གནས་ཚུལ་ཁ་པར་བརྒྱུད་ནས་ཞུ་གཏུགས་བྱས་དུས་དམིགས་བསལ་དོ་སྣང་དང་བདག་སྤྲོད་བྱས་མེད་པ་མ་ཟད་ད་དུང་བོད་རིགས་འབྲོག་པ་རྣམས་ལ་ལས་ཀ་མེད་དུས་རྙོག་དྲ་སློང་གི་ཡོད་པའི་ཚུལ་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག
དེའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།