ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བའི་སྲིད་བྱུས་ལ་ཡོང་ཁྱབ་ཀྱི་སྐྱོན་བརྗོད།

ལྷག་པར་བོད་ནང་སྒོ་རྒྱ་བསྡམས་ནས་མང་ཚོགས་རྣམས་ལ་ཟ་ཆས་ཚུལ་བཞིན་མེད་པ་དང་ནད་པར་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཐོབ་པའི་དཀའ་ངལ་ཕྲད་བཞིན་ཡོད་པའི་དཀའ་ངལ་གཤོད་མཁན་མང་པོ་བྱུང་ཡོད་པ།

སྤྱི་ཚོགས་དྲ་ལམ།

རྒྱ་ནག་གཞུང་གི་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བའི་སྲིད་བྱུས་ཐད་ལ་རྒྱ་མི་དང་བོད་མི་ཚོས་ཡོངས་ཁྱབ་ཀྱི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་།  ལྷག་པར་བོད་ནང་སྒོ་རྒྱ་བསྡམས་ནས་མང་ཚོགས་རྣམས་ལ་ཟ་ཆས་ཚུལ་བཞིན་མེད་པ་དང་ནད་པར་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཐོབ་པའི་དཀའ་ངལ་ཕྲད་བཞིན་ཡོད་པའི་དཀའ་ངལ་གཤོད་མཁན་མང་པོ་བྱུང་ཡོད།  ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འདི་ལམ་ལྷོངས་ཡོང་གི་ཡོད་མེད་དང་སྲིད་བྱུས་འདི་ལྟར་ལག་བསྟར་བྱེད་དགོས་དོན་བཅས་ཀྱི་ཐད་བཀྲ་ཤིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དཔྱད་གཞིའི་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org