དུས་འཁོར་དབང་ཆེན་གྱི་སྔོན་ལ་བོད་ནང་ལོག་མཁན་ཁག་ལ་འདྲི་རྩད་དང་བྱ་དགའ།

རྒྱ་གཞུང་གིས་བོད་མི་དུས་འཁོར་དབང་ཆེན་མ་ཞུས་ནས་ཕྱིར་བོད་ལ་ལོག་མཁན་ཁག་ལ་བྱ་དགའ་དང་ཁག་ལ་འདྲི་རྩད་ཐེངས་མང་བྱས་ཡོད་པ།

༧གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་ཕེབས་མཁན་གྱི་བོད་མི་ཁག་ལ་བཀའ་སློབ་སྩོལ་བཞིན་པ། ༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །ཉེ་ཆར་བོད་ནས་བོད་མི་ཁག་ཅིག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་དབང་ཆེན་ཐེངས་༣༤པ་ཞུ་ཆེད་དུ་རྒྱ་གར་ལ་བསླེབས་ཡོད་ཀྱང༌། རྒྱ་གཞུང་གིས་གནོན་ཤུགས་འོག་ཕྱིར་བོད་དུ་ལོག་མཁན་གྱི་བོད་མི་རྣམས་ལ། རྒྱ་གཞུང་གིས་འདྲི་རྩད་ཐེངས་མང་བྱས་པ་དང་བོད་མི་ཁག་ཅིག་ལ་བྱ་དགའ་སོགས་སྤྲད་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་ཀུན་བཟང་བསྟན་འཛིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org