ཝི་ཅེཊ་སྐད་འཕྲིན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལྟ་ཉན་དང་མཉམ་སྤྱོད་བྱས་པའི་ནག་ཉེས་འོག་བོད་མི་ཞིག་འཛིན་བཟུང་བྱས་པ།

བོད་ཀྱི་རྒྱལ་ལྷ་སའི་ནང་རྒྱ་མི་ཉེན་རྟོག་པས་ནོར་རྒྱས་ཞུ་མཁན་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ།

བོད་ཀྱི་རྒྱལ་ལྷ་སའི་ནང་རྒྱ་མི་ཉེན་རྟོག་པས་ནོར་རྒྱས་ཞུ་མཁན་ཞིག་འཛིན་བཟུང་བྱས་པ། ཕལི་ཀར།

༄༅༎ཉེ་ཆར་ཕྱི་ལོ་༢༠༡༣ཟླ་མཇུག་ནས་ཕྱི་ལོ་༢༠༡༤ཟླ་༡པོའི་ཚེས་ཤར་བར་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་སེ་རའི་ནང་གནང་བའི་བཀའ་ཆོས་དང་སྐུ་པར་སོགས་བོད་ནང་ཝེ་ཅེཊ་སྐད་འཕྲིན་བརྒྱུད་ལྟ་ཀློག་ཉན་གསུམ་བྱས་པ་དང་གཞན་ཁག་ཅིག་ལ་མཉམ་སྤྱོད་བྱས་པའི་ནག་ཉེས་བཙུགས་ནས་བོད་ཀྱི་རྒྱལ་ས་ལྷ་སར་བོད་རིགས་ན་གཞོན་ནོར་རྒྱས་ཞུ་བ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་སྐོར་འབྲེལ་ཡོད་མི་སྣ་ཞིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་སུ་ངོ་སྤྲོད་གནང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org