འཕྲིན་ལས་རྣམ་རྒྱལ་གྱིས་རང་ལུས་མེར་བསྲེཊ་བཏང་རྗེས་སྐུ་གྲོངས་འདུག
དཀར་མཛེས་ཁུལ་རྟའུ་རྫོང་ཁང་གསར་ཕྱོཊ་ནས་བོད་མི་འཕྲིན་ལས་རྣམ་རྒྱལ་གྱིས་རང་ལུས་མེར་བསྲེཊ་བཏང་རྗེས་སྐུ་གྲོངས་འདུག
-
2014-04-15 -
-
-
དཀར་མཛེས་ཁུལ་རྟའུ་རྫོང་ཁང་གསར་ཕྱོཊ་ནས་བོད་མི་འཕྲིན་ལས་རྣམ་རྒྱལ་གྱིས་རང་ལུས་མེར་བསྲེཊ་བཏང་ནས་སྐུ་གྲོངས་འདུག
བོད་ནས་འདི་གར་གནས་ཚུལ་ལྟར་ན། དེ་རིང་སྤྱི་ཚེས༡༥ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ཡོལ་ཙམ་ལ་དཀར་མཛེས་ཁུལ་རྟའུ་རྫོང་ཁང་གསར་ཡུལ་ཚོའི་ཉེ་འགྲམ་ནས་རང་ལོ༣༢ཙམ་ཡིན་པའི་བོད་མི་འཕྲིན་ལས་རྣམ་རྒྱལ་ཞུ་བ་ཞིག་གིས། རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། རིང་པོ་མ་སོང་བརཁོང་འདས་གྲོངས་སུ་གྱུར་ཡོད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། ཁོང་འདས་གྲོངས་སུ་སོང་བ་དང་ཁོང་གི་སྐུ་ཕུང་ཡུལ་དེའི་གོང་ཐལ་དགོན་པས་བདག་པོ་རྒྱབ་ནས་བསྔོ་སྨོན་མཆོད་འབུལ་བྱས་ཡོད་པའི་རྗེས་སྐུ་ཕུང་ཁོང་གི་ནང་མིར་རྩིས་སྤྲོད་བྱས་ཡོད་པ་བརྗོད་ཡོད།
འཕྲིན་ལས་རྣམ་རྒྱལ་ནི་རྟའུ་རྫོང་ཁང་གསར་ཡུལ་ཚོའི་སྒ་ནུབ་རི་ཡོང་གྲོང་པའི་མི་དང་། ཚེ་འདས་ཕ་མིང་བདུད་ལོ་དང་། མ་མིང་དཔལ་ལྷ་ཡིན་འདུག
རྟའུ་ཕྱོགས་ནས་ཉེ་བའི་ནང་བོད་མི་ཚེ་དབང་ནོར་བུ་དང་། དཔལ་ལྡན་ཆོས་མཚོ། དབང་ཆེན་སྒྲོལ་མ་སོགས་ཀྱིས་སྔ་ཕྱིར་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། འདས་བའི་ལོ་ཤས་ནང་བོད་མདོ་སྨད་གཙོ་བའི་བོད་ཀྱི་ས་ཁུལ་གང་ས་ནས་སྔ་ཕྱིར་བསྡོམས་པས་བོད་མི་མི་གྲངས་༡༣༡གིས་བསྟུད་མར་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ