བོད་ཕྲུག་རྣམས་རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་སྐྱེལ་རྗེས་བོད་ཡིག་རྨང་གཞི་ཙམ་ཡང་ཤེས་ཐུབ་ཀྱི་མེད་པ་རེད།

བོད་ནང་བོད་ཕྲུག་རྣམས་རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་སྐྱེལ་རྗེས་བོད་ཡིག་རྨང་གཞི་ཙམ་ཡང་ཤེས་ཐུབ་ཀྱི་མེད་པ་ཕ་མ་ཚོས་འགྲེལ་བརྗོད་གནང་བ།

བོད་ནང་གི་རྒྱ་ནག་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཞིག ༢༠༡༨ TAI

ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། བོད་ཕྲུག་རྣམས་གཞུང་གིས་བཙུགས་པའི་བཅར་སྡོད་སློབ་གྲྭར་སྐྱེལ་རྗེས། བོད་ཡིག་རྨང་གཞི་ཙམ་ཡང་ཤེས་ཐུབ་ཀྱི་མེད་པ་ཕ་མ་ཚོས་འགྲེལ་བརྗོད་གནང་གི་འདུག་ལ། འདི་ལྟར་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ས་ཡ་གཅིག་ཙམ་རང་གི་ཕ་མ་དང་ཁ་བྲལ་ནས་གཞུང་གིས་བཙུགས་པའི་བཅར་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་འཁྲིད་ནས་མི་སེར་སྤེལ་བའི་སློབ་གསོ་སྤེལ་ཏེ་བོད་མི་རིགས་རྒྱ་བསྐྱུར་བྱེད་བཞིན་པའི་ཐད་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་བློ་ཚབས་དང་འབྲེལ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད་པ་སོགས་ཀྱི་སྐོར་ལ་བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org