བོད་མི་གསུམ་ལ་བཙོན་འཇུག་ཁྲིམས་ཆད་བཅད་འདུག
རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་ལ་ཁ་བཏགས་ནས་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་བོད་མི་གསུམ་ལ་ལོ་༤ནས་༥བར་གྱི་ཚད་གཞི་མི་འདྲ་བའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
-
2013-10-23 -
-
-
རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་ལ་ཁ་བཏགས་ནས་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་བོད་མི་གསུམ་ལ་ལོ་༤ནས་༥བར་གྱི་ཚད་གཞི་མི་འདྲ་བའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
འདི་ལོ་ཕྱི་ཟླ་༡ཚེས་༡༨ཉིན་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་གྲུབ་མཆོག་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས། ཉེན་རྟོག་པ་དང་ལས་བྱེད་པས་མེ་གསོད་བཞིན་པ་བཀག་འགོག་བྱས་པའི་ཉེས་མིང་འོག་གུར་མགོན་ལགས་དང་། ནོར་བུ་རྡོ་རྗེ། བསོད་ནམས་ཡར་འཕེལ་ལགས་བཅས་མི་གསུམ་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་ཕྱི་ཟླ་༧པའི་ནང་ཁྱུང་མཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་ཚོར་མི་བསད་པའི་ནག་ཉེས་བཙུགས་ནས་གུར་མགོན་དང་། བསོད་ནམ་ཡར་འཕེལ་ལགས་སུ་ལོ་༤རེ་དང༌། ནོར་བུ་རྡོ་རྗེ་ལ་ལོ་༥བཅས་ཚད་གཞི་མི་འདྲ་བའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ད་ཆ་ཟི་ཁྲོན་ཞིང་ཆེན་གྱི་མེན་ཡྰང་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་འོག་ཡོད་འདུག