བོད་ནང་ཡང་བསྐྱར་རང་ལུས་མེ་བསྲེགས་གནང་འདུག

མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་པ་དང་ས་གནས་སུ་དམ་དྲག་ཇེ་ཆེར་བཏང་འདུག

མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་ པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།

མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་པ་དང་ས་གནས་སུ་དམ་དྲག་ཇེ་ཆེར་བཏང་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཚེས་ ༥ཉིན་གྱི་དགོང་མོའི་བོད་ནང་གི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་དང་ཉེ་འགྲམ་པན་ཆེན་ཉིན་སློབ་ཡོད་ས་ནས་བོད་མི་འཕགས་མོ་བསམ་གྲུབ་ཟེར་བ་ཞིག་གིས་བོད་དོན་ཆེད་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་བོད་ནས་བོད་མི་ཞིག་གིས་བརྗོད་ཡོད། འདི་ག་རླུང་འཕྲིན་ཁང་གིས་རྩེ་ཁོག་རྫོང་ཉེན་རྟོག་ལས་ཁུངས་ལ་ཁ་པར་བཏང་ནས་གནས་ཚུལ་འདྲི་ཐབས་བྱས་སྐབས། ཁོས་ཚོས་ཉེན་རྟོག་ལས་ཁུངས་མིན་ཚུལ་ལས་ལན་འདེབས་གང་ཡང་བྱེད་ཀྱི་མི་འདུག
དེའི་ཐད་ས་གནས་ནས་བོད་མི་ཞིག་གིས་བརྗོད་དོན། གནས་ཚུལ་དེ་བྱུང་རྗེས་སྤྱི་ཚེས་༦་ཉིན་གྱི་ཞོགས་པ་སྔ་མོ་ནས་རྩེ་ཁོག་དང་། རེབ་གོང་སོགས་སུ་མངོན་གསལ་དོད་པོས་དམག་མི་ཇེ་མང་ལ་སོང་ནས་དམ་དྲག་བྱས་ཡོད་པ་དང་། རྩེ་ཁོག་ཕྱོགས་ཀྱི་ཆ་འཕྲིན་གྱི་བརྡ་རྟགས་བཀག་ནས་དམ་དྲག་བྱས་བར་བརྟེན་ཁོང་གདུང་རྒྱ་གཞུང་གི་རྩེ་ཁོག་རྫོང་ལ་ཁྱེར་སོང་བའི་བཤད་ཚུལ་ཙམ་ལས་གནས་ཚུལ་ཁ་གསལ་མེད་པ་རེད། འཕགས་མོ་བསམ་གྲུབ་ལགས་ནི་ད་ལྟ་རང་ལོ་༢༩གཡས་གཡོན་ཙམ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་དང་། ཁོང་ནི་རྩེ་ཁོག་ཕྱོགས་ཀྱི་དམེ་སྐོར་ནས་ཡིན་པ་རེད་འདུག
ད་བར་ཆོལ་གསུམ་བོད་ཀྱི་ས་ཁུལ་ཁྱོན་ཡོངས་ནས་སྔ་ཕྱིར་བསྡོམས་པས་བོད་མི་༡༢༦གིས་རྒྱ་ནག་གཞུང་གི་འཁྲེགས་འཛིན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེགས་བཏང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org