བོད་མི་རིག་ཆུང་ལགས་རྒྱ་ནག་གིས་འཛིན་བཟུང་བྱས་འདུག
རང་ལུས་མེར་བསྲེཊ་གནང་མཁན་གྱི་སྐུ་ཕུང་བདག་པོ་བརྒྱབ་པའི་ཉེས་མིང་འོག་བོད་མི་རིག་ཆུང་ལཊ་རྒྱ་ནག་གིས་འཇུ་བཟུང་བྱས་ཡོད་འདུག
-
2014-04-20 -
-
-
འཕྲིན་ལས་རྣམ་རྒྱལ་གྱི་ཉེ་དུས་གྱི་པར་དང་རང་ལུས་མེར་བསྲེཊ་སྐབས་ཀྱི་པར། ༢༠༡༤།༤།༡༥
བོད་ནས་བཏང་འབྱོར།
༄༅༎ཕྱི་ལོ་༢༠༡༤ཟླ་༤ཚེས་༡༥ཉིན་དཀར་མཛེས་ཁུལ་རྟའུ་རྫོང་དུ་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་རྗེས་འཕྲིན་ལས་རྣམ་རྒྱལ་ལགས་ཀྱི་སྐུ་ཕུང་བདག་པོ་བརྒྱབ་དང་སྐུ་ཕུང་ལ་པར་བརྒྱབ་པའི་ནག་ཉེས་འོག་ས་གནས་ཀྱི་ཚོང་ཁང་བདག་པོ་རིག་ཆུང་ལགས་ཟླ་༤ཚེས་༡༩ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎