རྒྱ་དར་བསྒྲེངས་དགོས་པའི་བཙན་བཀའ།

ས་གནས་རྒྱ་ནག་གཞུང་གིས་འབྲེལ་ཡོད་ཚན་པས་བོད་མདོ་སྨད་གཅན་ཚ་ཕྱོགས་ཀྱི་བོད་མའི་ཁྱིམ་ཚང་གི་སྒོའི་སྟེང་རྒྱ་དར་བསྒྲེངས་དགོས་པའི་བཙན་བཀའ་བཏང་བར་ས་གནས་བོད་མི་ཚོར་འདོད་པ་ཡོང་གི་མེད་པ་རེད་འདུག

བོད་མདོ་སྨད་གཅན་ཚ་ཕྱོགས་ཀྱི་བོད་མའི་ཁྱིམ་ཚང་གི་སྒོའི་སྟེང་རྒྱ་དར་བསྒྲེངས་དགོས་པའི་བཙན་བཀའ་བཏང་བ པར། བོད་ནས་བཏང་བ།

ས་གནས་རྒྱ་ནག་གཞུང་གིས་འབྲེལ་ཡོད་ཚན་པས་བོད་མདོ་སྨད་གཅན་ཚ་ཕྱོགས་ཀྱི་བོད་མའི་ཁྱིམ་ཚང་གི་སྒོའི་སྟེང་རྒྱ་དར་བསྒྲེངས་དགོས་པའི་བཙན་བཀའ་བཏང་བར་ས་གནས་བོད་མི་ཚོར་འདོད་པ་ཡོང་གི་མེད་པ་རེད་འདུག

བོད་ནས་འདི་གར་གནས་ཚུལ་འབྱོར་དོན། ཟླ་འདིའི་ཚེས་༡༣ཉིན་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མཚོ་དྲུག་ཞང་མཚོ་རྒན་ཁུག་སྡེ་བའི་ནང་། འབྲེལ་ཡོད་མགོ་ཁྲིད་ཁག་གཅིག་ལྟ་སྐོར་དུ་ཡོང་གི་ཡོད་ཚུལ་བཤད་དེ། ས་གནས་བོད་མིའི་ཁྱིམ་ཚང་གི་ཁང་པའི་ཡང་སྟེང་དང་། སྒོ་འགྲམ་སོགས་སུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་དགོས་པའི་བཙན་བཀའ་བཏང་བར་ས་གནས་མི་མང་གིས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་འདུག

འོན་ཀྱང་གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། སྡེ་བའི་ཧྲུའུ་ཅི་བསོད་ནམ་སྐྱབས་དང་། ཡུལ་ཚོའི་དཔོན་པོ་དག་ཡོང་ནས་ས་གནས་ཀྱི་ཁྱིམ་ཚང་༣༠༠ ལྷག་ལས་ཁྱིམ་ཚང་ ༡༥ ཁང་པའི་ཡང་སྟེང་དང་སྒོ་འགྲམ་སོགས་སུ་རྒྱ་ནག་གི་རྒྱ་དར་བསྒྲེངས་འཛུགས་བྱས་ཡོད་པ་དང་། ཁྱིམ་ཚང་གཞན་རྣམ་གྱིས་རིམ་པས་རྒྱལ་དར་བསྒྲེངས་འཛུགས་བྱ་དགོས་ཚུལ་བཤད་འདུག

དེའི་ཐད་ས་གནས་བོད་མི་ཞིག་གིས་ཡིག་ཐོག་ནས་བསམ་ཚུལ་བསྐུར་དོན། ངེད་སྡེ་བའི་ཁྱིམ་ཚང་འགའི་ཁང་ཐོག་ལ་རྒྱ་དར་བསྒྲེངས་སོང་། མི་རིགས་ཀྱི་ཞབས་འདྲེན་རེད། ངས་ནི་འཆི་དགོས་ཀྱང་མི་འཛུགས་ཁོ་ཐག་ཡིན་ཅེས་བྲིས་བ་ཕྱི་སྡོད་བོད་མི་བསོད་ནམས་ལགས་བརྒྱུད་འདི་གའི་རླུང་འཕྲིན་ཁང་ལ་འབྱོར་བྱུང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org