བསྟན་འཛིན་ཆོས་གྲགས་ལ་བཙོན་ཁང་ནང་འདས་གྲོངས་སུ་གྱུར་འདུག

ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་གྲགས་ལགས་གློང་བཀྲོལ་བཏང་ཡོད་ཀྱང༌བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་འདས་གྲོངས་སུ་གྱུར་བ།

༢༠༠༨ལོར་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་བསྟན་འཛིན་ཆོས་གྲགས་ལགས། བོད་ཀྱི་དུས་བབ།

༄༅༎༢༠༠༨ལོར་བོད་ནང་གི་ཞི་རྒོལ་ཆེན་པོའི་སྐབས་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་དེ། ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་བོད་མི་བསྟན་འཛིན་ཆོས་གྲགས་ལགས། འདས་པའི་ལོ་དྲུག་རིང་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྗེས། ཟླ་འདིའི་ཕྱི་ཚེས་ ༢ ཉིན་གློད་བཀྲོལ་བཏང་ཡོད་ཀྱང་ཕྱི་ཚེས་༥ཉིན་འདས་གྲོངས་སུ་གྱུར་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org