རྒྱ་ནག་གིས་བོད་ནང་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཤུགས་ཆེ་རུ་གཏོང་བཞིན་པ་དེས་བོད་མིའི་བློ་ཁ་བརྟན་པོ་ཡོད་པ་མཚོན་ཐུབ།

རྒྱ་ནག་གིས་བོད་ནང་ཆབ་སྲིད་སློབ་གསོ་སྤྲོད་ཤུགས་ཆེ་རུ་གཏོང་བཞིན་པ་དེས་གཞིས་ལུས་མི་དམངས་ཀྱི་བློ་ཁ་བརྟན་པོ་ཡོད་པ་མཚོན་ཐུབ་ཅེས་གནད་དོན་དབྱེ་ཞིབ་པས་གསུངས་བ།

བོད་ནང་གི་དགོན་སྡེ་ཁག་ལ་རྒྱ་ནག་གིས་ཏང་གི་སློབ་གསོ་སྤྲོད་བཞིན་པ། ༢༠༡༨ བོད་འབྱོར།

ཐེངས་འདིའི་ཕ་ཡུལ་ལེ་ཚན་ནང་། ཉེ་ཆར་ལྷ་སར་རྒྱ་ནག་དབུས་གཞུང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་འདུ་ཟེར་བ་འདུས་ནས། བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་ཁ་བྲལ་ལ་ངོ་རྒོལ་གྱི་ལས་འགུལ་ནང་མང་ཚོགས་ཞུགས་དགོས་པའི་སྐུལ་སློང་བྱ་དགོས་པར་བསྒྲགས་ཡོད་པར་བསྟུན། གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་ག་ཚོད་ཀྱིས་བོད་མི་ཚོར་ཆབ་སྲིད་སློབ་གསོ་སྤྲོད་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ཚོད་ཀྱིས་གཞིས་ལུས་མི་དམངས་ཀྱི་བློ་ཁ་བརྟན་པོ་ཡོད་པ་མཚོན་ཐུབ་པར་གསུངས་ཡོད་པའི་སྐོར། བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org