བོད་ཡིག་ཐོག་ངོ་དེབ་ཐོག་མ་དེ་དབུ་འབྱེད་གནང་ཡོད་པ།

ལས་གཞི་འདི་ནི་ནེའུ་ཡོག་ནང་གནས་སྡོད་བོད་མི་རྣམས་ལ་སོ་སོའི་ཕ་སྐད་ཀྱི་ཐོག་ནས་གལ་ཆེའི་གནས་ཚུལ་དང་ཐོན་ཁུངས་མཁོ་སྤྲོད་བྱེད་པར་འབད་བརྩོན་བྱེད་བཞིན་པའི་ཆ་ཤས་ཤིག་ཡིན་པ་རེད་འདུག

ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མ་གནས་སྤོས་སྡེ་ཚན།

བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། ནིའུ་ཡོག་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱིས་བོད་མིའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཆེད་བོད་ཡིག་ཐོག་ངོ་དེབ་ཐོག་མ་དེ་དབུ་འབྱེད་གནང་ཡོད་ཅིང་།ལས་གཞི་འདི་ནི་ནེའུ་ཡོག་ནང་གནས་སྡོད་བོད་མི་རྣམས་ལ་སོ་སོའི་ཕ་སྐད་ཀྱི་ཐོག་ནས་གལ་ཆེའི་གནས་ཚུལ་དང་ཐོན་ཁུངས་མཁོ་སྤྲོད་བྱེད་པར་འབད་བརྩོན་བྱེད་བཞིན་པའི་ཆ་ཤས་ཤིག་ཡིན་པ་རེད་འདུག གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཚེ་ཡང་དང་ལྷན་དུ་ལས་གཞི་འདིའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་གློང་གནང་བ་ཞིག་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org