བོད་མཐོ་སྒང་གི་གནམ་མཚོའི་མཚོ་གཏིང་བསྔོག་ནས་བྲག་རྡོའི་འདྲ་དཔེ་མང་པོ་འདོན་ཐུབ་ཡོད་པ།

གནས་རྩ་ཆེན་དེ་ཚོར་ལག་པ་འཆང་ཚར་དུས་ཁོར་ཡུག་ལ་གནོད་འཚེ་ཕོག་རྒྱུ་སྨོས་མེད་ཡིན་པར་ངོས་འཛིན་གནང་གི་ཡོད་པ།

བོད་མཐོ་སྒང་གི་གནམ་མཚོའི་མཚོ། Reuters

རྒྱ་ནག་གིས་བོད་མཐོ་སྒང་གི་མཚོ་ཆེ་ཤོས་གྲས་བྱང་གནམ་མཚོའི་མཚོ་གཏིང་བསྔོག་ནས་བྲག་རྡོའི་འདྲ་དཔེ་མང་པོ་འདོན་ཐུབ་ཡོད་པ་དེས་གནམ་གཤིས་འགྱུར་བ་དང་སྐྱེས་ཁམས་ཁོར་ཡུག་ལ་ཉམས་ཞིབ་ཐད་ཀྱི་གནས་ཚུལ་གལ་ཆེན་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད་ཚུལ་བརྗོད་ཡོད་ཀྱང་བོད་ཀྱི་གནད་དོན་ཉམས་ཞིབ་པ་ཚོས་དེས་དགེ་མཚན་ཡོད་མེད་ལ་མ་ལྟོས་པར་གནས་རྩ་ཆེན་དེ་ཚོར་ལག་པ་འཆང་ཚར་དུས་ཁོར་ཡུག་ལ་གནོད་འཚེ་ཕོག་རྒྱུ་སྨོས་མེད་ཡིན་པར་ངོས་འཛིན་གནང་གི་ཡོད་འདུག  ལྕགས་མོ་འཚོ་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཏེ་ཕྱོགས་བསྡུས་གནང་པའི་གནས་ཚུལ་ལ་གསན་རོགས་གནོངས།

 གསར་འགོད་པ། ལྕགས་མོ་འཚོ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org