བོད་ཀྱི་གངས་ཆུ་གང་བྱུང་སྤྲོད་པ་དང་དབོར་འདྲེན།

རྒྱ་གཞུང་ནས་བོད་ཀྱི་གངས་ཆུ་Maldives་སྤྱི་མཐུན་རྒྱལ་ཁབ་ལ་རིན་མེད་ཀྱི་རྒྱ་མ་ས་ཡ་གསུམ་ལྷག་སྤྲད་པ་མ་ཟད་ཉིན་ལྟར་བོད་ནས་རྒྱ་ནག་ནང་ལ་མོ་ཊ་མང་པོ་དབོར་འདྲེན་བྱེད་ཀྱི་ཡོད།

ཨེ་པི།

རྒྱ་ནག་གཞུང་གིས་བོད་ཀྱི་དྭངས་ཤིང་གཙང་བའི་གངས་ཆུ་དེ་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་Maldives་སྤྱི་མཐུན་རྒྱལ་ཁབ་ལ་རིན་མེད་ཀྱི་བོད་ཀྱི་གངས་ཆུ་རྒྱ་མ་ས་ཡ་གསུམ་ལྷག་སྤྲད་པ་མ་ཟད་ཉིན་ལྟར་བོད་ནས་རྒྱ་ནག་ནང་ལ་མོ་ཊ་མང་པོ་དབོར་འདྲེན་བྱས་པའི་སྐྱེན་གྱི་ས་གནས་བོད་མི་དང་སེམས་ཅན་རྣམས་ཀྱི་ཐུང་ཆུ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་སྐོར་གཞིས་ཀ་རྩི་གྲོང་ཁྱེར་དེང་རི་རྫོང་གངས་དཀར་གྲོང་ཚོ་ནས་ཡིན་པའི་མིང་འབོད་འདོད་མེད་པའི་ས་གནས་འབྲེལ་ཡོད་བོད་མི་ཞིག་གི་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁག་ལ་ངོ་སྤྲོད་གནང་བ་དེ་བླ་བཟང་གིས་ཕྱོགས་བསྒྲིགས་བྱས་པ་དེ་ཉན་རོགས་ཞུ།

གསར་འགོད་པ། བློ་བཟང་།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org