བོད་མཐོ་སྒང་གི་འཁྱགས་རོམ་གྱི་འོག་ཏུ་ཚུད་པའི་དུག་སྲིན་གྱི་ནད་འབུ་ཕྲ་མོ་༡༧༠༠ཙམ་ས་ས་འོག་གི་གཏིང་ནས་བརྔོག་འདོན་བྱས་ཡོད་པ།

བོད་མཐོ་སྒང་གི་འཁྱགས་རོམ་གྱི་འོག་ཏུ་ཚུད་པའི་དུག་སྲིན་གྱི་ནད་འབུ་ཕྲ་མོ་༡༧༠༠ཙམ་ས་ཁམས་ཚན་རིག་ཉམ་ཞིབ་པས་ས་འོག་གི་གཏིང་ནས་བརྔོག་འདོན་བྱས་ཏེ་རྙེད་སོན་བྱུང་ཡོད་པའི་གནས་ཚུལ་དང་གནད་དོན་དེའི་སྐོར།

Reuters

༄༅།། དེ་ནས་དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་བོད་མཐོ་སྒང་གི་འཁྱགས་རོམ་གྱི་འོག་ཏུ་ཚུད་པའི་དུག་སྲིན་གྱི་ནད་འབུ་ཕྲ་མོ་༡༧༠༠ཙམ་ས་ཁམས་ཚན་རིག་ཉམ་ཞིབ་པས་ས་འོག་གི་གཏིང་ནས་བརྔོག་འདོན་བྱས་ཏེ་རྙེད་སོན་བྱུང་ཡོད་པའི་གནས་ཚུལ་དང་གནད་དོན་དེའི་སྐོར་ཨ་རིའི་Marylandམངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨ་རིའི་སྙན་གྲགས་ཆེ་བའི་Johns Hopkin University school of Medicine ནང་ནད་ཡམས་དང་རིམ་ནད་བཅོས་ཐབས་དང་སྔོན་འགོག་དཔྱད་རིག་གི་སྨན་གྱི་གཙུག་ལག་སློབ་དཔོན་དཀོན་མཆོག་རྡོ་རྗེ་ལགས་དང་ཉམ་ཞིབ་ཀྱི་ས་ཁུལ་བོད་ཀྱི་ནུབ་བྱང་སྟོད་མངའ་རི་ནས་ཡིན་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅར་ཡ་ཡེ་ཤེས་ཕུན་ཚོགས་ལགས་རྣམ་གཉིས་ལ་ཚེ་དབང་ནོར་བུ་ལགས་ཀྱིས་བཅའ་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་བྱས་པའི་དུམ་བུ་དང་པོ་དེ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།།

གསར་འགོད་པ། ཚེ་དབང་ནོར་བུ

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org