མཚོ་སྔོན་ནས་ལྷ་ས་བར་གྱི་མེ་འཁོར་ལྕགས་ལམ་དེས་བོད་ཀྱི་ཁོར་ཡུག་དང་རི་དྭགས་སེམས་ཅན་གྱི་རིགས་རྒྱུན་འཚོ་གནས་ལ་ཉེན་ཁ་བཟོ་བ།

རྒྱ་གཞུང་གིས་མཚོ་སྔོན་ནས་ལྷ་ས་དབར་མེ་འཁོར་ལྕགས་ལམ་བརྒྱབ་པ་དེས་བོད་ཀྱི་ཁོར་ཡུག་དང་རི་དྭགས་སེམས་ཅན་གྱི་རིགས་རྒྱུན་འཚོ་གནས་ལ་ཉེན་ཁ་བཟོ་བ།

རྒྱ་གཞུང་གིས་མཚོ་སྔོན་ནས་ལྷ་ས་དབར་མེ་འཁོར་ལྕགས་ལམ་བརྒྱབ་པ་དེས་བོད་ཀྱི་ཁོར་ཡུག་དང་རི་དྭགས་སེམས་ཅན་གྱི་རིགས་རྒྱུན་འཚོ་གནས་ལ་ཉེན་ཁ་བཟོ་བའི་སྐོར་དཔྱད་རྩོམ་སྤེལ་ཡོད་པ།

བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་། རྒྱ་ནག་གཞུང་གིས་མཚོ་སྔོན་ནས་བོད་ཀྱི་རྒྱལ་ས་ལྷ་ས་དབར་མེ་འཁོར་ལྕགས་ལམ་བརྒྱབ་པ་དེས་བོད་ཀྱི་ཁོར་ཡུག་ཙམ་དུ་མ་ཟད། བོད་མིའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་།
དེ་བཞིན་འཛམ་གླིང་ནང་ཆེས་དཀོན་པ་དང་སྟོང་ལ་ཉེ་བའི་བོད་ཀྱི་རི་དྭགས་སེམས་ཅན་གྱི་རིགས་རྒྱུན་འཚོ་གནས་ལ་ཡང་ཉེན་ཁ་བཟོ་ཡི་ཡོད་པའི་སྐོར། བོད་ཀྱི་སྲིད་བྱུས་ཉམ་ཞིབ་ཁང་གི་དྭངས་ལང་ཞབས་ཞུ་བ་བསྟན་འཛིན་གཡུ་སྒྲོན་ལགས་ཀྱིས་དཔྱད་རྩོམ་སྤེལ་བའི་སྐོར་ཚེ་དབང་ནོར་བུས་སྙན སྒྲོན་ཞུས་པར་གསན་རོགས།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org