སེར་བྱེས་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་ལགས་སྐུ་གཤེགས་པ།

རྒན་དམ་པ་ཁོང་གིས་བོད་ནང་དུ་ཆོས་ཕྱོགས་མཛད་པ་རྒྱ་ཆེ་བསྐྱངས་པའི་ངོ་སྤྲོད།

རྒན་དམ་པ་ཁོང་གིས་བོད་ནང་དུ་ཆོས་ཕྱོགས་མཛད་པ་རྒྱ་ཆེ་བསྐྱངས་པའི་ངོ་སྤྲོད། ཡུ་ཊུབ།

༄༅༎སེར་བྱེས་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་སྤྱི་ ༡༠ ཚེས ༡༩ ཉིན།རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་སྐུ་གཤེགས་པའི་ཡོད་པ་དང་།ད་ཐེངས་ཁ་བའི་གྲོས་ར་ལེ་ཚན་ནང་རྒན་དམ་པ་ཁོང་གིས་བོད་ནང་དུ་གཙོ་བོ་སེར་ཤུལ་དགོན་པའི་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་སོགས་གནང་སྟེ་སེར་ཤུལ་དགོན་པའི་དགེ་འདུན་པ་སྟོང་ཕྲག་ལྷག་ལ་དུས་རྒྱུན་དཔེ་ཁྲིད་དང་བསླབ་བྱ་སློབ་སྟོན། སློབ་གླིང་གི་སྒྲིག་འཛུགས་སོགས་གང་ཅིའི་ཐད་མཛད་འཕྲིན་བསྐྱངས་པའི་བོད་ཁམས་ཡོངས་སུ་རླབས་ཆེན་གྱི་མཛད་རྗེས་དང་འབྲེལ་ལྷ་རམས་དགེ་བཤེས་སྤྲུལ་སྐུ་ངག་དབང་རིན་ཆེན་དང་ལྷ་རམས་དགེ་བཤེས་ངག་གི་དབང་ཕྱུགས་གཉིས་དང་རྡོ་རྗེ་དགྲ་འདུལ་གྱིས་རྗེས་དྲན་ཞུས་པའི་ལེ་ཚན་ཞིག་ལ་ཉན་རོགས་ཞུ།།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org