༢༠༡༣ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང༌།
ཕྱི་ལོ་༢༠༡༣ལོར་བོད་ནང་གི་བོད་མིར་དཀར་ངལ་འཕྲད་པའི་གནས་ཚུལ་དང༌དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སོགས་ཀྱི་སྐོར་ཕྱོགས་སྒྲིག་ཞུས་པ།
-
2013-12-23 -
-
-
འབྲི་རུ་ཁུལ་ལ་རྒྱ་ནག་གི་དམག་མི་བཀྲམ་ཡོད་པའི་རྣམ་པ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌།
Your browser doesn’t support HTML5 audio
༄༅༎ཐེངས་འདིའི་གཏམ་གླེང་ལེ་ཚན་ནང་དུ། སྤྱི་ལོ་༢༠༡༣ལོ་འདིར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ནས་བོད་མིར་དཀའ་ངལ་འཕྲད་པའི་གནས་ཚུལ་ཁག་ལ་ལོ་གཅིག་གི་མཇུག་བསྡོམས་གནས་ཚུལ་ནས་ཕྱིར་དྲན་ཞུས་ཡོད་པའི་ཁོངས་སུ། རང་ལུས་མེར་སྲེག་དང་གཏེར་ཁ་སྔོག་འདོན། བོད་མི་འཛིན་བཟུང་དང་ཁྲིམས་བཅད་བཏང་བ། ས་ཕྱོགས་ཁག་ལ་ལས་དོན་རུ་ཁག་བཏང་བ། དམིགས་བསལ་འབྲི་རུའི་གནས་སྟངས།འཛུགས་སྐྲུན་ལས་གཞིའི་ཁྲོད་ནས་གཏོར་བཤིག་སོང་བ། ཆོས་དད་རང་མོས། འགྲོ་འོང་གི་ཐོབ་ཐང་སོགས་གནད་དོན་མང་པོའི་ཐོག་ལོ་འདིར་ཕྱིར་དྲན་ཞུས་པ་ཞིག་གསན་རོགས་གནང་།།