བོད་ནང་གི་འབྲོག་པའི་འཚོ་གནས་དང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཏང་བའི་སྐོར་དཔྱད་རྩོམ་སྤེལ་ཡོད་པ།
རྒྱ་ནག་གིས་བོད་ཀྱི་འབྲོག་པ་རྣམས་ཀྱི་འཚོ་གནས་ངེས་མེད་དུ་བཟོས་པ་དང་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཏང་བའི་སྐོར་དཔྱད་རྩོམ་ཞིག་སྤེལ་ཡོད་པ།
- 2023-09-07
-
-
-
Your browser doesn’t support HTML5 audio
རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་Sanjiangyuan ཟེར་ནས་མིང་བཏགས་པའི་ཆུ་བོ་ཆེན་པོ་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་མམ་གཙང་གསུམ་ཆུའི་འགོ་ཁུངས་ས་ཁུལ་དུ་དེ་རྒྱ་ནག་གི་རྒྱལ་ཁབ་རིམ་པའི་ཁོར་ཡུག་གི་སྤྱི་གླིང་ཟེར་བ་ལ་བསྒྱུར་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་པ་དེའི་ཐོག་ནས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོིབ་ཀྱི་ཐོག་ལ་གྲུབ་འབྲས་ཆེན་པོ་ཐོན་བཞིན་ཡོད་པའི་སྐོར་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་གཞུང་གི་ལས་འཆར་དེའི་རྐྱེན་པས་ས་ཁུལ་གྱི་བོད་ཀྱི་འབྲོག་པ་རྣམས་བཙན་དབང་གིས་གནས་སྤོ་བཏང་ནས་ཁོང་རྣམས་ཀྱི་འཚོ་གནས་ངེས་མེད་ཀྱི་གནས་སུ་ལྷུངས་བ་དང་། དེ་བཞིན་དུ་མཚོ་བོད་སྒང་གི་སྣོད་བཅུད་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཏང་ཡོད་པའི་སྐོར། སྤྱི་ཟླ་༩པའི་ཚེས་༥ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་Tibet Rights Collective འམ་བོད་ཀྱི་ཁྲིམས་མཐུན་གྱི་བདག་དབང་ཐོབ་ཐང་ཟེར་བའི་ཉམ་ཞིབ་ཁང་ཞིག་གིས་དཔྱད་རྩོམ་སྤེལ་ཡོད་པའི་སྐོར། ཚེ་དབང་ནོར་བུ་ལགས་ཀྱིས་བོད་གནས་ཉམ་ཞིབ་པར་བཅར་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག