རྒྱ་ནག་གཞུང་གིས་དགེ་འདུན་པ་བཞི་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་གཞུང་གིས་སྟོད་དིང་རི་རྫོང་ཁོངས་ཀྱི་རྒྱལ་ནོར་བྲག་ནག་གྲོང་ཚོའི་བཀྲ་ཤིས་སྟེང་འགྲོ་དགོན་པའི་དགེ་འདུན་པ་བཞི་ལ་སོ་སོར་མི་ལོ་ལྔ་ནས་ཉི་ཤུ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་གཞུང་གིས་དགེ་འདུན་པ་བཞི་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ།

རྒྱ་ནག་གཞུང་གིས་སྟོད་དིང་རི་རྫོང་ཁོངས་ཀྱི་རྒྱལ་ནོར་བྲག་ནག་གྲོང་ཚོའི་བཀྲ་ཤིས་སྟེང་འགྲོ་དགོན་པའི་དགེ་འདུན་པ་བཞི་ལ་མི་ལོ་༥་ནས་༢༠་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་ནག་ཉེས་ཇི་ཡིན་ཁ་གསལ་གང་ཡང་མེད་པ་དང་། དེ་ལྟ་བུའི་ཉེས་ཆད་ལྗིད་མོ་བཅད་པ་ནི། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་དེ་སྔ་ཤེས་རྟོགས་བྱུང་མྱོང་མེད་པ་སོགས་ཞིབ་ཕྲའི་སྙན་ཐོ་ཞིག་བཏོན་ཡོད་པའི་སྐོར། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org