བོད་ནང་༡༩༨༧ནས་བཟུང་ལོ་གསུམ་རིང་ལྷ་སར་རྔམ་སྟོན་ཁྲོམ་བསྐོར་ལས་འགུལ་བསྟུད་མར་སྤེལ་བའི་བྱུང་རིམ།

བོད་ནང་ ༡༩༨༧ ནས་བཟུང་ལོ་གསུམ་རིང་ལྷ་སར་རྔམ་སྟོན་ཁྲོམ་བསྐོར་ལས་འགུལ་བསྟུད་མར་སྤེལ་བའི་བྱུང་བ་རིམ་སྐོར་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་བ།

ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་དང་ཆབ་སྲིད་བཙོན་ཟུར་ཚེ་སྨོན་གླིང་སྤེན་པ་ལགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཕྱི་ཟླ་ ༢ ཚེས་ ༢༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་ ༢༡ གིས་རྔམ་སྟོན་ངོ་རྒོལ་གནང་མཁན་ཁོངས་སུ་ཡོད་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དུ་ངོས་འཛིན་ཞུ་བཞིན་པ་འབྲས་སྤུངས་དགོན་པའི་དགེ་འདུན་པ་ངག་དབང་རྒྱལ་མཚན་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བ་དང་། བོད་ནང་ད་ལྟའི་ཆར་གསུམ་བཅུའི་དུས་དྲན་སྒེར་ལངས་ཀྱི་སྔོན་ཚུད་ནས་བོད་ཆོལ་ཁ་གསུམ་དང་། ཡང་སྒོས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གཙོ་འཛིན་ཝང་ཅུན་ཀྲེང་གིས་བཀོད་བསྡོམས་འོག་བོད་ས་ཁྱོན་དུ་དམ་དྲག་བྱེད་བཞིན་པའི་སྐབས་འདིར། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་དང་གྲྭ་བཞི་བཙོན་ཁང་ནང་གི་བཙོན་གྲོགས་ཆབ་སྲིད་བཙོན་ཟུར་ཚེ་སྨོན་གླིང་སྤེན་པ་ལགས་དང་ལྷན་བོད་ནང་ ༡༩༨༧ ནས་བཟུང་ལོ་གསུམ་རིང་ལྷ་སར་རྔམ་སྟོན་ཁྲོམ་བསྐོར་ལས་འགུལ་བསྟུད་མར་སྤེལ་བའི་བྱུང་བ་དང་། ངག་དབང་རྒྱལ་མཚན་ལགས་ཀྱི་ལོ་རྒྱུས་དང་འབྲེལ་ནས་ཆབ་སྲིད་ལས་འགུལ་བ་ཞིག་གི་མི་ཚེའི་མཇུག་འབྲས་སྐོར་མཐོང་ཐོས་མྱོང་བ་བཅས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org