གངས་ལྗོངས་ཀྱི་གྲགས་ཅན་མི་སྣ་གླེང་པ།

མེས་པོའི་མཛད་རྗེས་དྲན་པའི་ཐོག་ནས་བཟང་པོའི་ཡོན་ཏན་ལ་སློབ་སྦྱོང་ཞུ་རྒྱུ་འདི་གལ་ཆེ་ཆགས་ཡོད་པས། རྒན་རེ་མདོ་སེང་གེ་ལགས་དང་ལྷན་དུ་བཀའ་མོལ་གྱི་ལམ་ནས་མེས་པོའི་མཛད་རྗེས་ངོ་སྤྲོད་ཞུས་པ།

པར་ཚགས།

ད་རིང་གི་གཏམ་གླེང་ལེ་ཚན་ནང་སྨིན་གྲོལ་གླིང་དུ་འཁྲུངས་པ་དང་ཡབ་ཀྱིས་ཆུང་དུས་ནས་དམིགས་བསལ་ཐུགས་རེ་བཅངས་ཏེ་གསོ་སྐྱོང་གནང་པའི་ཐོག་དབང་ལུང་མན་ངག་ཆ་ཚང་པོ་གནང་ཡོད་པ་དང་།   སྦྱངས་པའི་ཡོན་ཏན་ལག་ལེན་ཐོག་འཁྱོལ་ཐུབ་པ།  བར་ཆད་ཁྲོད་གསོན་ཐབས་དང་དགོན་པ་བསྐྱར་བཞེངས་གནང་བ།  སློབ་མ་དུ་མ་བསྐྱངས་ཡོད་པའི་རྗེ་བཙུན་མི་འགྱུར་དཔལ་སྒྲོན་མཆོག་གི་སྐུའི་ཚེའི་དང་མཛད་རྗེས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།  
དྲ་ཐོག་སྤེལ་མཁན།  ནོར་སྒྲོན ནོར་སྡེ་སྒྲོལ་མ། པ་སངས་དོན་ལྡན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org