རྫ་ཆུའི་ཐོག་ཆུ་མཛོད་དང་ཁྱིམ་མཚེས་རྒྱལ་ཁབ་ལ་དཀའ་ངལ།
བོད་ཀྱི་རྫ་ཆུའམ་མེ་ཀོང་གཙང་ཆུའི་ཐོག་རྒྱ་ནག་གིས་ཆུ་མཛོད་མང་པོ་རྒྱག་བཞིན་པ་དེར་ རྫ་ཆུ་རྒྱུགས་ཡུལ་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཆུ་ཉུང་དུ་ཕྱིན་ནས་ཐན་པའི་དཀའ་ངལ་འཕྲད་བཞིན་པ།
-
2020-05-16 -
-
-
མེ་ཀོང་གཙང་པོའི་ཆུ་ཤུགས་ཇེ་ཆུང་དུ་འགྲོ་བཞིན་པའི་གནད་དོན།
ཨེ་ཨེཕ་པི།
Your browser doesn’t support HTML5 audio
བོད་ཀྱི་རྫ་ཆུའམ་མེ་ཀོང་གཙང་ཆུའི་ཐོག་རྒྱ་ནག་གིས་ཆུ་མཛོད་མང་པོ་རྒྱག་བཞིན་པ་དེར་ རྫ་ཆུ་རྒྱུགས་ཡུལ་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཆུ་ཉུང་དུ་ཕྱིན་ནས་ཐན་པའི་དཀའ་ངལ་འཕྲད་བཞིན་པར་སོང་རྒྱལ་ཁབ་དེ་ཚོས་རྒྱ་ནག་ལ་རྩོད་གླེང་བྱས་ཡོད་སྟབས། མ་འོངས་པར་རྒྱ་ནག་གཞུང་གིས་གཙང་ཆུའི་བཀོལ་སྤྱོད་ཚུལ་མཐུན་གཏོང་སྲིད་མིན་སྐོར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་བོད་ཀྱི་རྫ་ཆུ་དང་ཡར་ཀླུང་གཙང་པོའི་ཐོག་ཉམས་ཞིབ་གནང་མཁན་བདེ་ཆེན་དཔལ་མོ་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།