བོད་ནང་གི་ས་ཡོམ་སོགས་བྱུང་བ་དེ་རང་བཞིན་གྱིས་འབྱུང་བའི་གོད་ཆག་མིན་པ།

བོད་ནང་གི་བོད་མི་རྣམས་ལ་གོད་ཆག་ཚབས་ཆེ་ཕོག་ཡོད་པ་དེའི་རྒྱུ་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་ཆུ་ཁག་ལ་ཆུ་རགས་དང་ཆུ་མཛོད་མང་པོ་ཞིག་བརྒྱབ་པ་དང་། དེ་བཞིན་གཏེར་ཁ་བརྡོག་འདོན་དང་བོད་ཀྱི་ས་ཆ་དེ་དམག་གི་རྟེན་གཞི་ཞིག་ཏུ་འཛུགས་བསྐྲུན་བྱེད་བཞིན་པ་སོགས་ཀྱི་རྐྱེན་གྱིས་ཡིན་པ།

བོད་མིའི་སྒྲིག་འཛུགས།

༄༅།། དེ་རིང་གི་བོད་ཀྱི་ཁོར་ཡུག་གི་ལེ་ཚན་ནང་འདི་ལོ་བོད་ཀྱི་གཞིས་ཀ་རྩེ་ས་ཁུལ་གྱི་དིང་རི་གཙོས་ཉེ་འཁོར་ས་ཁུལ་ཁག་ཏུ་ས་ཡོམས་འགུལ་ཚད་༧ཚགས་༡བྱས་པ་ཞིག་བརྒྱབ་ཏེ་བོད་ནང་གི་བོད་མི་རྣམས་ལ་གོད་ཆག་ཚབས་ཆེ་ཕོག་ཡོད་པ་དེའི་རྒྱུ་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་ཆུ་ཁག་ལ་ཆུ་རགས་དང་ཆུ་མཛོད་མང་པོ་ཞིག་བརྒྱབ་པ་དང་། དེ་བཞིན་གཏེར་ཁ་བརྡོག་འདོན་དང་བོད་ཀྱི་ས་ཆ་དེ་དམག་གི་རྟེན་གཞི་ཞིག་ཏུ་འཛུགས་བསྐྲུན་བྱེད་བཞིན་པ་སོགས་ཀྱི་རྐྱེན་གྱིས་ཡིན་པ་ལས་རང་བཞིན་གྱིས་འབྱུང་བའི་གོད་ཆག་མིན་པའི་སྐོར་བོད་ཀྱི་སྲིད་བྱུས་ཉམ་ཞིབ་ཁང་གི་འགན་འཛིན་ཟུར་པ་དང་དེང་སྐབས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཚེ་དབང་རྒྱལ་པོ་ཨར་ཡ་ལགས་ཀྱིས་ཉམ་ཞིབ་གནང་ནས་དབྱིན་ཡིག་ནང་དཔྱད་བརྩོམས་སྤེལ་བའི་སྐོར་ཉམ་ཞིབ་པ་ཁོང་ལ་ཚེ་དབང་ནོར་བུ་ལགས་ཀྱིས་བཅའ་འདྲི་ཞུས་པའི་དུམ་བུ་གསུམ་པ་དེ་སྙན་སྒྲོན་ཞུས་པར་གསན་རོགས།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org