༧རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུ་ལ་དཔྱད་པ།

༧རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུའི་ནང་དོན་དང་སྐུ་ཚེ་ལོ་རྒྱུས་དེ་བཞིན་ཁོང་གི་མཛད་རྗེས་བཅས་ཀྱི་སྐོར་གསན་རོགས།

༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག ཐུབ་བསྟན་ཡར་འཕེལ།

ད་བར་རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུ་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོས་བརྟག་དཔྱད་དང་ཞིབ་འཇུག་བྱས་པ་མང་ཞིང་། ལྷག་དོན་ཕྱི་གླིང་སྐད་ཡིག་ཐོག་ཚངས་མགུར་ལ་ཆ་རྒྱུས་ཡོད་མེད་ཅི་རིགས་པས་བྲིས་པའི་འགྲེལ་བརྗོད་དང་དཔྱད་རྩོམ་མང་དག་ཅིག་མཇལ་རྒྱུ་ཡོད་པ་ཞིག་རེད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུའི་ནང་དོན་ཐད་མི་རིགས་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་རྐྱེན་གྱིས་བཞེད་པ་མི་མཐུན་པ་ཁག་ཅིག་ཡིན་མིན་དང་། ༧རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་ཡིད་སྐྱོ་བའི་སྐུ་ཚེ་ལོ་རྒྱུས་མདོར་ཙམ་དང་ཁོང་གི་མཛད་རྗེས་གཙོ་བོ་གང་ཡིན་སྐོར། ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་དང་རྩོམ་རིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་དང་། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་སྐབས་བཞི་པའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་རྣམ་པ་གཉིས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org