བོད་ནང་ཁོར་ཡུག་གཏོར་བཤིག་བཏང་སྟེ་མེ་འཁོར་ལྕགས་ལམ་བཟོ་དགོས་པའི་རྒྱུ་མཚན།

བོད་ནང་ཁོར་ཡུག་ལ་གཏོར་བརླག་ག་ཚོད་ཐེབས་མིན་ལ་མ་ལྟོས་པར་ལྕགས་ལམ་དགོས་པའི་རྒྱུ་མཚན་ཐད་གླེང་མོལ་ཞུས་པ།

མཚོ་བོད་ལྕགས་ལམ། ཝི་ཀི་པི་ཌི་ཡ།

༄༅།། དེ་རིང་གི༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། མདོ་དབུས་ལྕགས་ལམ་དང་ཁྲོན་བོད་ལྕགས་ལམ་གཉིས་ཀྱི་ཁྱད་ཆོས་དང་བརྒྱུད་ལམ་སོགས་ངོ་སྤྲོད་བརྒྱུད། མི་འབོར་ན་ས་ཡ་གསུམ་དང་འབུམ་གསུམ་ལྷག་ལས་མེད་པའི་བོད་རང་སྐྱོང་ལྗོངས་སུ་ཅིའི་ཕྱིར་འགྲོ་སོང་ཕོན་ཆེན་པོ་བཏང་ནས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ག་ཚོད་ཐེབས་མིན་ལའང་མ་འཛེམ་པར་ལྕགས་ལམ་དེ་གཉིས་བཟོ་དགོས་དོན་དང་། བོད་ཀྱི་སྣོད་བཅུད་གཉིས་ལ་མཚོན་ན་ལྕགས་ལམ་དེ་གཉིས་ཁེ་རེད་དམ་གྱོང་རེད། བསོད་བདེ་རེད་དམ་ཆག་སྒོ་རེད། དེ་མིན་སྤྱིར་ན་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དག་དང་། ནང་སྒོས་སུ་རྒྱ་གར་དང་བལ་ཡུལ། འབྲུག་སོགས་ལ་མཚོན་ན་རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་བདེ་འཇགས་ལ་ཉེན་ཁ་ཅི་ཞིག་ཡོད་པ་སོགས་ཀྱི་ཐད་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་ཁང་གི་ཉམས་ཞིབ་པ། བོད་རྒྱའི་སྐབས་དོན་ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org