བོད་ཡུལ་གང་སར་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་བཞིན་པ།
མདོ་སྨད་བོང་སྟག་འབྲོག་སྡེའི་བོད་མི་ཚོས་རྩ་འཛུགས་དང་ལྡན་པའི་སྒོ་ནས་ལོ་ལྟར་གྲོང་ཁུལ་དང་དགོན་སྡེ། ལམ་འགྲམ་དང་ཆུ་འགྲམ་སོགས་ཀྱི་གད་སྙིགས་གཙང་སེལ་བྱེད་བཞིན་པ།
-
2018-04-27 -
-
-
Your browser doesn’t support HTML5 audio
༄༅།། ཐེངས་འདིའི༼ གངས་ལྗོངས་གླེང་སྟེགས༽ ཀྱི་ནང་དུ། ༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ། བོད་མིའི་བསམ་བློ་ལ་གནམ་ས་བླ་འོག་གི་འགྱུར་བ་ཐེབས་ཡོད་ལ། དཔེ་མཚོན་ཞིག་ནི་རང་ས་རང་གིས་བདག་སྐྱོང་བྱེད་རྒྱུའི་འདུ་ཤེས་གསར་བའི་རླབས་རྒྱུན་དང་མཉམ་དུ། བོད་ཡུལ་གང་སར་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་བཞིན་པ་ལྟ་བུ་རེད། དཔེ་དེ་བཞིན་དུ་མདོ་སྨད་བོང་སྟག་འབྲོག་སྡེའི་བོད་མི་ཚོས་རྩ་འཛུགས་དང་ལྡན་པའི་སྒོ་ནས་ལོ་ལྟར་གྲོང་ཁུལ་དང་དགོན་སྡེ། ལམ་འགྲམ་དང་ཆུ་འགྲམ། དེ་བཞིན་འབྲོག་ཁྱིམ་རེ་རེའི་མཐའ་འཁོར་གྱི་གད་སྙིགས་གཙང་སེལ་བརྒྱུད་འབག་བསླད་མེད་པའི་དྭངས་གཙང་གི་ཁོར་ཡུག་ཅིག་སྐྲུན་ཐབས་བྱས་ཡོད་པའི་སྐོར་ལ། ལས་ཚན་གཙོ་སྐྱོང་བ་སྟག་ལྷ་རྒྱལ་ལགས་ཀྱིས་འདས་པའི་ལོ་ཤས་སུ་ཁོར་ཡུག་སྲུང་སྐྱོབ་དང་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་སྣ་ཚོགས་སུ་དངོས་སུ་ཞུགས་མྱོང་བའི་མཐུན་པ་བཀྲ་ཤིས་དང་ཕུར་བུ་དོན་འགྲུབ་ལགས་རྣམ་གཉིས་དང་ལྷན་དུ་བགྲོ་གླེང་གནང་བར་གསན་རོགས་ཞུ༎
གསར་འགོད་པ་སྟག་ལྷ་རྒྱལ།