ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དང་བླངས་བ་ཕེབས་ཐུབ་མཁན་རྣམས་བཀག་འགོག་བྱེད་བཞིན་འདུག
ས་གནས་བོད་མི་རྣམས་ཀྱི་ལུས་སེམས་གཉིས་ཀྱི་ངོས་ཐད་ནས་གྲྭ་པ་རྣམས་ཀྱི་རོགས་རམ་ཧ་ཅང་དགོས་མཁོ་ཡོད་ནའང་རྒྱ་ནག་གཞུང་གིས་ས་ཁུལ་དེར་གྲྭ་པ་རྣམས་གཏན་ནས་འགྲོ་རུ་འཇུག་གི་མེད་པ།
- 2025-01-16
-
-
-
རོཡ་ཊར།
Your browser doesn’t support HTML5 audio
ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་གནམ་གཤིས་ལ་གོམས་ཡོད་པའི་དང་བླངས་བ་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་བཀག་རྒྱ་བཟོས་པ་དང་། རྒྱ་ནག་ནང་ལོགས་ནས་བཀོད་སྒྲིག་བྱས་པའི་རོགས་སྐྱོར་བར་ས་མཐོའི་དཀའ་ངལ་བྱུང་སྟེ་རོགས་སྐྱོར་དུས་ཐོག་ཏུ་བྱེད་མ་ཐུབ་པ་དང་། ཕན་འབྲས་ལྡན་པའི་རོགས་སྐྱོར་བྱེད་ཐུབ་ཀྱི་མེད་པའི་དཀའ་ངལ་དང་། དེ་བཞིན་ས་གནས་བོད་མི་རྣམས་ཀྱི་ལུས་སེམས་གཉིས་ཀྱི་ངོས་ཐད་ནས་གྲྭ་པ་རྣམས་ཀྱི་རོགས་རམ་ཧ་ཅང་དགོས་མཁོ་ཡོད་ནའང་རྒྱ་ནག་གཞུང་གིས་ས་ཁུལ་དེར་གྲྭ་པ་རྣམས་གཏན་ནས་འགྲོ་རུ་འཇུག་གི་མེད་པ་སོགས་ཀྱི་སྐོར་ལ། བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།