གཏེར་ཁ་བརྔོག་འདོན་གྱི་དོན་རྐྱེན་ཨ་མྱེ་རྨ་ཆེན་ཁུལ་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཇི་བྱུང་།

རྒྱ་ནག་གཞུང་གིས་གནས་རི་དེའི་ཁུལ་ནས་གཏེར་ཁ་བརྔོག་འདོན་གྱི་དོན་རྐྱེན་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན།

ཨ་མྱེ་རྨ་ཆེན། ཝི་ཀི་པི་ཌི་ཡ།

༄༅།།དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་བོད་ཀྱི་འགུ་ལོག་ས་ཁུལ་དུ་ཆགས་པའི་བོད་ཀྱི་གངས་རི་མཐོ་ཤོས་དང་བོད་ཀྱི་ཡུལ་ལྷ་གཞི་བདག་གཙོ་བོའི་གྲས་རྨ་རྒྱལ་སྤོམ་ར་གནས་ཡུལ་དུ་ངོས་འཛིན་བྱེད་བཞིན་པའི་བོད་ཀྱི་གངས་རི་དང་གནས་རི་དེ་ལ་དམིགས་བསལ་རྟ་ལོ་ལ་གནས་བསྐོར་ལ་འགྲོ་དགོས་དོན་དང་། རྒྱ་ནག་གཞུང་གིས་གནས་རི་དེའི་ཁུལ་ནས་གཏེར་ཁ་བརྔོག་འདོན་གྱི་དོན་རྐྱེན་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱིས་ས་ཁུལ་དེའི་ཁོར་ཡུག་ལ་ཤུགས་རྐྱེན་སོགས་ཀྱི་སྐོར་འབྲེལ་ཡོད་ལ་བཅའ་འདྲི་ཞུས་ཏེ་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་ཏེ་སྙན་སྒྲོན་ཞུས་པ་དེ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org