བོད་རྒྱ་གཉིས་ཀྱི་ལོ་རྒྱུས་དེབ་ཐེར་ནང་བོད་ཀྱི་གནས་བབ།

རྒྱ་ནག་གི་ལོ་རྒྱུས་ཡིག་ཚང་དག་ན་བོད་ཀྱི་གནས་བབ་དང་ངོ་བོ་དེ་ཇི་ལྟར་བཀོད་ཡོད་པ་དང་། དེ་བཞིན་དུ་བོད་རང་གི་ལོ་རྒྱུས་དེབ་ཐེར་སོགས་སུ་ཇི་ལྟར་བཀོད་ཡོད།

ལྷ་སར་བོད་སྡོད་ཨམ་བན་ཡ་མོན་འགྲེམས་སྟོན་ཁང་། འོད་ཟེར།

༄༅།    །ཐེངས་འདིའི་༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། རྒྱ་ནག་གི་ལོ་རྒྱུས་ཡིག་ཚང་དག་ན་བོད་ཀྱི་གནས་བབ་དང་ངོ་བོ་དེ་ཇི་ལྟར་བཀོད་ཡོད་པ་དང་། དེ་བཞིན་དུ་བོད་རང་གི་ལོ་རྒྱུས་དེབ་ཐེར་སོགས་སུ་བོད་ཀྱི་གནས་བབ་དང་ངོ་བོ་དེ་ཇི་ལྟར་བཀོད་ཡོད།དེ་མིན་དེང་རབས་ཁྲིམས་ལུགས་ལྟར་ན་བོད་ཀྱི་གནས་བབ་དང་ངོ་བོ་ཇི་ལྟར་ཡིན་དགོས་པའི་སྐོར་ལོ་རྒྱུས་རིག་པ་བ་ཞིག་དང་འབྲེལ་ཡོད་ཉམས་ཞིབ་པ་ཞིག་དང་མཉམ་དུ་བོད་རྒྱའི་སྲིད་དོན་འབྲེལ་ལམ་ལོ་རྒྱུས་ལ་བསྐྱར་ཞིབ་བགྲོ་གླེང་ཞུས་པ།
གདན་ཞུ་སྐུ་མགྲོན་རྣམ་པ་གཉིས་ནི།
༡༽བོད་མང་སྤྱི་འཐུས་ཟུར་བ་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་ཆེན་པོ་བསོད་ནམས་རྒྱལ་མཚན་ལགས།
༢༽བོད་མིའི་སྒྲིག་འཛུགས་བདེ་སྲུང་ཉམས་ཞིབ་ལས་ཁང་གི་ཉམས་ཞིབ་པ་ཟུར་བ་དང་ད་ལྟ་ཨོ་སི་ཊི་རེ་ལེ་ཡར་ཡོད་པའི་བོད་དོན་ཉམས་ཞིབ་པ་ལྷ་སྡེ་གནམ་ལོ་ཡིག་ལགས་བཅས་ཡིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org