ལི་ཐང་དགོན་གྱི་མཁན་པོ་བརྗེ་འགྱུར།

ཁམས་ལི་ཐང་དགོན་ཆེན་གྱི་མཁན་པོ་བརྗེ་འགྱུར་གྱི་མཛད་སྒོའི་སྐབས་༸གོང་ས་མཆོག་སྐུ་པར་ཞིག་བཞུགས་ཁྲིའི་ཐོག་བཤམས་འགྲེམས་བྱས་ཡོད་པའི་གནས་ཚུལ།

ཁམས་ལི་ཐང་དགོན་ཆེན་གྱི་མཁན་པོ་བརྗེ་འགྱུར་སྐབས་༸གོང་ས་མཆོག་སྐུ་པར་བཤམས་པ། བློ་བཟང་ཆོས་འཕེལ། བོད་ནས་བཏང་འབྱོར།

༄༅༎དེ་རིང་དམིག་བསལ་གྱི་གསར་འགྱུར་ལེ་ཚན་ནང་བོད་ཀྱི་ཁམས་ལི་ཐང་དགོན་ཆེན་གྱི་མཁན་པོ་བརྗེ་འགྱུར་གྱི་མཛད་སྒོ་ཤིན་ཏུ་རྒྱ་ཆེ་ཞིག་འཚུགས་ཡོད་པ་དང་།དེའི་སྐབས་༸གོང་ས་༸སྐྱབས་མགོན་ཆེ་པོ་མཆོག་གི་སྐུ་པར་མཐོ་ཚད་མི་གཟུགས་ཙམ་ཞིག་ཡོད་པ་ཁྲི་སྤང་མཐོན་པོ་ཞིག་གི་ཐོག་བཤམས་འགྲེམས་བྱས་ཡོད་པའི་སྐོར་བློ་བཟང་ཆོས་འཕེལ་གྱིས་ཕྱོགས་བསྒྲིགས་བྱས་པ་དེ་ཉན་རོགས་ཞུ་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org