༧གོང་ས་མཆོག་ནེའུ་ཡོག་ལ་ཕེབས་འབྱོར།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་Mexico རྒྱལ་ནང་གི་ཉིན་གྲངས་ལྔའི་མཛད་འཕྲིན་ལེགས་པར་འགྲུབ་ནས་དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཞབས་སོར་འཁོད་གནང་ཡོད།

༧གོང་ས་མཆོག་ནེའུ་ཡོག་ལ་ཕེབས་འབྱོར། པར། ཐེ་པོ་སྤྲུལ་སྐུ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་Mexico རྒྱལ་ནང་གི་ཉིན་གྲངས་ལྔའི་མཛད་འཕྲིན་ལེགས་པར་འགྲུབ་ནས་དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཞབས་སོར་འཁོད་གནང་ཡོད།

དེ་ཡང་༧གོང་ས་མཆོག་གིས་ད་རེས་Mexico ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ད་ལྟ་རང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ནེའུ་ཡོག་གྲོང་ཁྱེར་ནང་ཕྱི་ཚེས་༡༨ ནས་༢༠ བར་གྱི་ཉིན་གྲངས་གསུམ་རིང་མཛད་འཆར་བསྐྱང་གནང་རྒྱུ་ཡིན་པ་རེད།

༧གོང་ས་མཆོག་གི་དྲ་རྒྱའི་ཐོག་འཁོད་དོན། ཉིན་གཉིས་དང་ཕྱེད་ཀའི་རིང་ལ་ཤེས་རབ་སྙིང་པོ་དང། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་བཀའ་ཆོས་སྩལ་གནང་རྒྱུ་དང། དེ་ནས་ཕྱི་ཚེས་༢༠ ཉིན་རྒྱབ་མི་དམངས་ལ་འཚེ་མེད་ཞི་བའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་རྒྱུ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org