བོད་ནང་བོད་མི་མང་པོར་རིམས་ནད་འགོས་བཞིན་པ་དང་འཚོ་གནས་སོགས་ལ་དཀལ་ངལ་འཕྲད་བཞིན་པ།

ང་བོད་མི་མང་པོར་རིམས་ནད་འགོས་བཞིན་པ་དང་ཁྱིམ་སྡོད་བཀའ་རྒྱའི་འོག་འཚོ་གནས་དང་སྨན་བཅོས་འཕྲོད་བསྟེན་སོགས་ལ་དཀའ་ངལ་འཕྲད་བཞིན་པ།

༢༠༢༢།༠༨།༡༠། བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་རིམས་ནད་བརྟག་དཔྱད་བྱེད་བཞིན་པ། Reuters

ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་ཕྱོགས་ནས་ལྷ་ས་སོགས་སུ་རིམས་འགོག་ལས་དོན་ལེགས་འགྲུབ་བྱུང་ཡོད་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ནའང་། དོན་དངོས་ཐོག་བོད་མི་མང་པོར་རིམས་ནད་འགོས་བཞིན་པ་དང་། ཁྱིམ་སྡོད་བཀའ་རྒྱའི་འོག་བོད་མི་མང་པོའི་འཚོ་གནས་དང་སྨན་བཅོས་འཕྲོད་བསྟེན་སོགས་ལ་དཀའ་ངལ་འཕྲད་བཞིན་པ་སོགས་ཡུལ་དངོས་ཀྱི་གནས་ཚུལ་བསོད་ནམས་ལྷ་མོས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུས་པར་གསན་རོགས།།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org