མགོ་ལོག་པདྨ་རྫོང་དུ་བོད་མི་༢འཛིན་བཟུང༌།
མགོ་ལོག་པདྨ་རྫོང་དུ་རྒྱ་གཞུང་གིས་སླར་ཡང་བོད་མི་གཉིས་འཛིན་བཟུང་བྱས་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་བ།
-
2013-12-02 -
-
-
མགོ་ལོག་པདྨ་རྫོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།
Your browser doesn’t support HTML5 audio
༄༅༎ཉེ་སྔོན་མགོ་ལོག་པདྨ་རྫོང་དུ་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་བའི་དོན་རྐྱེན་བྱུང་བ་ནས་བཟུང༌། ས་གནས་དེར་རྒྱ་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་དང་འཛིན་བཟུང་བཙན་ཁྲིད་བྱས་དང་བྱེད་བཞིན་པ་མ་ཟད། དེ་རིང་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་སླར་ཡང་བོད་མི་གཉིས་འཛིན་བཟུང་བྱས་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་འདུག།