ཡུལ་ཤུལ་ནང་ཆེན་རྫོང་དུ་བོད་མི་འཛིན་བཟུང༌།

ཡུལ་ཤུལ་ནང་ཆེན་རྫོང་དུ་བོད་རིགས་ན་གཞོན་སློབ་ཕྲུག་བཞི་གཙོས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།

༢༠༡༢ལོའི་ཕྱི་ཟླ་གཉིས་པའི་ནང་མཚོ་སྔོན་ཡུལ་ཤུལ་ས་གནས་ནང་ཆེན་རྫོང་དུ་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་སྡེབ་ལངས་སྤེལ་བ། བོད་ནས་བཏང་འབྱོར།

༄༅༎བོད་ནང་གི་ཡུལ་ཤུལ་ནང་ཆེན་རྫོང་དུ་རྒྱ་གཞུང་གིས་བོད་མིར་དྲག་གནོན་སྐོར་གྱི་དཔེ་དེབ་ཅིག་འགྲེམས་སྤེལ་བྱས་པར་བརྟེན་ནས། བོད་རིགས་ན་གཞོན་སློབ་ཕྲུག་བཞི་གཙོས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org