བོད་ནང་ཆབ་སྲིད་སློབ་གསོའི་ཐོག་ནས་དམ་བསྒྲགས་ཆེ་རུ་བཏང་ཡོད་པ།

གང་སར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་འདྲ་པར་དང་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁེངས་ནས་ཡོད་པའི་ཐོག་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་གཞི་རྒྱ་ཆེ་རུ་གཏོང་བཞིན་ཡོད་པ།

བོད་ཀྱི་རྒྱལ་ས་ལྷ་ས། རོཡི་ཊརས།

༄༅།།དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་ཉེ་ཆར་རྒྱ་ནག་གཞུང་གིས་གསར་འགོད་པ་ཁག་ཅིག་བོད་ཀྱི་རྒྱལ་ས་ལྷ་སར་ཁྲིད་ཡོད་ཅིང་། ས་གནས་སུ་གནས་ཚུལ་ལ་ཤེས་རྟོགས་བྱས་པའི་བརྒྱུད་རིམ་ནང་གང་སར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་འདྲ་པར་དང་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁེངས་ནས་ཡོད་པའི་ཐོག་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་གཞི་རྒྱ་ཆེ་རུ་གཏོང་བཞིན་ཡོད་པས། འབྲེལ་ཡོད་གནད་དོན་དབྱེ་ཞིབ་པ་དང་ལྷན་དུ་བོད་ནང་གི་གནས་སྟངས་སྐོར་ལ་སྒྲོལ་དཀར་ལགས་ཀྱིས་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org