རྒྱ་གཞུང་གིས་བོད་མི་༣་ལ་ཁྲིམས་ཐག་བཅད་པ།

ནག་ཆུའི་འབྲི་རུ་རྫོང་མི་དམངས་ཁྲིམས་ཁང་གིས་བོད་མི་གསུམ་ལ་ལོ་དུས་འདྲ་མིན་གྱི་ཁྲིམས་ཐག་བཅད་ཡོད་པ།

ཆོས་ཁྱབ། ཚེ་ལྷ། འཕྲིན་ལས་ཚེ་དཀར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།

༄༅༎ཕྱི་ལོ་༢༠༡༣་ ཟླ་ ༡༢་ ཚེས་ ༡༩ཉིན། ནག་ཆུའི་འབྲི་རུ་རྫོང་མི་དམངས་ཁྲིམས་ཁང་གིས། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག འབྲི་རུ་གསེར་ཁང་གྲོང་ནས་ཡིན་པས་གླུ་བ་འཕྲིན་ལས་ཚེ་དཀར་ལ་ལོ་ ༩ དུས་བཀག་བཙོན་འཇུག་དང་། གསེར་ཁང་གྲོང་ནས་ཡིན་པའི་ཆོས་ཁྱབ་ལ་ལོ་ ༡༣ དུས་བཀག་བཙོན་འཇུག གྲོང་ཚོ་ལྔ་པ་ནས་ཡིན་པའི་ཚེ་ལྷར་ལོ་ ༣ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org