བོད་ཀྱི་སྡེ་དགེ་དབོན་སྟོད་དགོན་པ་སོགས་གཏོར་བཤིག་གཏོང་འཆར།
བོད་མིའི་ཕ་མྱེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་གི་ཐོག་ནས་གཅེས་ནོར་ཞིག་དང་རྩ་ཆེའི་དགོན་པ་དེ་དག་ཆུ་རག་གི་རྐྱེན་པས་ཆུ་ལོགས་ཀྱི་འོག་ཏུ་རྩ་མེད་གཏོང་བ་དང་ཡང་ན་གཏོར་བཤིག་གཏོང་རྒྱུའི་འཆར་གཞི་ཡོད་པ།
- 2024-05-17
-
-
-
Your browser doesn’t support HTML5 audio
༄༅།།དེ་ནས་དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་རིག་གཞུང་ལ་གཅེས་འཛིན་དང་མནའ་ཤུལ་དངོས་རྫས་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་གི་དངོས་རྫས་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་ཐབས་ལ་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡིན་ན་ཡང་བོད་ཀྱི་སྡེ་དགེ་དབོན་སྟོད་དགོན་པ་སོགས་ནི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་དུས་རབས་བརྒྱད་པའི་སྐབས་ནས་ཡོད་པའི་བོད་མིའི་ཕ་མྱེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་གི་ཐོག་ནས་གཅེས་ནོར་ཞིག་དང་རྩ་ཆེའི་དགོན་པ་དེ་དག་ཆུ་རག་གི་རྐྱེན་པས་ཆུ་ལོགས་ཀྱི་འོག་ཏུ་རྩ་མེད་གཏོང་བ་དང་ཡང་ན་གཏོར་བཤིག་གཏོང་རྒྱུའི་འཆར་གཞི་ཡོད་པ་དེས་ཐོག་ནས་ཧ་ཅང་ཕྱུག་པ་དང་ད་ལྟ་གསོན་པོ་གནས་བཞིན་པའི་བོད་མིའི་ཆོས་དང་རིག་གཞུང་བོད་མི་མང་ཚོགས་ཀྱིས་དངོས་སུ་ཉམས་ལེན་བྱེད་བཞིན་པ་དེ་དག་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་བཏང་སྟེ་ཆུ་རག་རྒྱག་རྒྱུའི་ལས་འཆར་དེ་ལག་ལེན་སྟར་བཞིན་ཡོད་པ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཛ་དྲག་གི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་ཀྱི་ཆོས་དང་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་གནང་ཐབས་ཡོང་པའི་སྙན་ཐོ་བཏོན་སྟེ་འབོད་བསྐུལ་ཞུས་ཡོད་པའི་སྐོར་ཉམས་ཞིབ་པ་བསྟན་འཛིན་དཔལ་མོ་ལགས་སུ་བཅའ་འདྲི་ཞུས་ཏེ་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པའི་དུམ་བུ་གཉིས་པ་དེ་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་ནོར་བུ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།