རང་ལུས་མེར་བསྲེག་གནང་མཁན་གྱི་ནང་མི་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ།
ནང་མི་གཉེན་ཉེ་བུ་ཕྲུག་ཚོར་དུས་ད་ལྟའང་རྒྱ་ནག་གཞུང་གིས་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་སྤྲོད་དུ་མ་བཅུག་པ་གཞུང་གི་རོགས་དངུལ་མེད་པར་བཏང་བ་སོགས་དཀའ་ངལ་ཆེན་པོར་འཕྲད་བཞིན་པ།
- 2022-06-29
-
-
-
རང་སྲེག་ངོ་རྒོལ་གནང་མཁན་བཀྲ་བྷེ།
འོད་ཟེར་ལགས།
Your browser doesn’t support HTML5 audio
བོད་ནང་ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་དེའི་རྗེས་རང་ལུས་མེར་བསྲེག་དང་འབྲེལ་བའི་བོད་མི་ཆབ་སྲིད་བཙོན་ཟུར་རྣམས་དང་དེ་དག་གི་ནང་མི་གཉེན་ཉེ་བུ་ཕྲུག་ཚོར་དུས་ད་ལྟའང་རྒྱ་ནག་གཞུང་གིས་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་སྤྲོད་དུ་མ་བཅུག་པ་གཞུང་གི་རོགས་དངུལ་མེད་པར་བཏང་བ་སོགས་དཀའ་ངལ་ཆེན་པོར་འཕྲད་བཞིན་པའི་ཐད་ལྕགས་མོ་འཚོས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་པ་དང་། ཁཱ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པ་རྒན་རྒྱལ་ལོ་ལགས་སུ་བཅར་འདྲི་བྱས་བར་གསན་རོགས་གནོངས།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།