ཆབ་མདོ་ལྷ་ཐོག་ཁུལ་དུ་གཏེར་སྔོག་འདོན་ལ་ངོ་རྒོལ།

རྒྱ་ནག་གཞུང་གིས་བོད་ནང་གི་བོད་ལྗོངས་ཆབ་མདོ་ལྷ་ཐོག་ཁུལ་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ལ་བོད་མིས་ངོ་རྒོལ་སྤེལ་བར་བརྟེན་བོད་མི་མང་པོར་བཅར་རྡུང་བཏང་བ་དང་འཛིན་བཟུང་བཙོན་འཇུག་བྱས་འདུག

ཆབ་མདོ་ལྷ་ཐོག ཀུན་བཟང་བསྟནའཛིན།

༄༅༎འདི་ག་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་བོད་ནས་གནས་ཚུལ་འབྱོར་གསལ།བོད་ནང་གི་བོད་ལྗོངས་ཆབ་མདོ་ལྷ་ཐོག་ཏུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ས་གནས་བོད་མི་ཚོས་ངོ་རྒོལ་བྱས་པར་བརྟེན་རྒྱ་ནག་གི་དམག་མིས་བོད་མི་མང་པོར་བཅར་རྡུང་དྲག་པོ་བཏང་བ་དང༌།སེར་སྐྱ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org