བོད་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པར་འཛིན་བཟུང་།

བོད་ནས་ཕྱི་ཕྱོགས་ཀྱི་གཉེན་ཚན་དང་འབྲེལ་བ་བྱས་པར་རྒྱ་ནག་གི་ཉེན་རྟོགས་པས་འཇུ་བཟུང་བྱས་པ།

པར་ཚགས། ཨེ་ཨེཕ་པི།

ཉེ་སྔོན་སྤྱི་ཟླ་༤པའི་ཚེས་༡༧ཉིན་བོད་ཀྱི་དར་རྩེ་མདོ་ཁུལ་ནས་བོད་མི་སྐྱེས་པ་བློ་དགའ་ཟེར་བ་ཞིག་དང་ཁོ་པའི་འདུག་རོགས་གཉིས་ཕྱི་ཕྱོགས་ཀྱི་གཉེན་ཚན་དང་འབྲེལ་བ་བྱས་པར་རྒྱ་ནག་གི་ཉེན་རྟོགས་པས་འཇུ་བཟུང་བྱས་ཡོད་པ་དང་། དེ་བཞིན་བོད་མི་མགོ་ལོག་དར་ལག་གྲོང་སྡེའི་ནང་བོད་མི་པ་སངས་ཞུ་བ་ཁོང་གིས་We-chat སྐད་འཕྲིན་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གྱི་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས།

གསར་འགོད་པ། ཚེ་དབང་ནོར་བུ།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org