༡༩༩༠་ནས་ཉར་ཚགས་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་༥༥༠༠་ལྷག་གི་ལོ་རྒྱུས།
ཕྱི་ལོ་༡༩༩༠ནས་ཉར་ཚགས་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་གྲངས་ ༥༥༠༠ ལྷག་གི་ལོ་རྒྱུས་ཀྱི་རེའུ་མིག་དྲྭ་ཚིགས་སུ་བསྐྱར་སྒྲིག་འདོན་སྤེལ་གནང་བ།
- 2022-01-19
-
-
-
Your browser doesn’t support HTML5 audio
དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་༡༩༩༠ནས་ཉར་ཚགས་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་གྲངས་ ༥༥༠༠ ལྷག་གི་གནས་ཚུལ་འཁོད་པའི་གནས་བསྡུས་རེའུ་མིག་ཅིག་དྲྭ་ཚིགས་སུ་བསྐྱར་སྒྲིག་བྱས་ཡོད་པ་དང་། ཐོ་གཞུང་དེ་གཞིར་བཟུང་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བ་གཞིགས་ན། བོད་ནང་ཆབ་སྲིད་བཙོན་པ་ད་བར་༩༣་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ཆབ་སྲིད་བཙོན་པ་གྲངས་༢༢་ལ་ཚེ་བཙོན་བྱས་པ་དང་། ད་ལྟའི་ཆར་བོད་མི་ཆབ་སྲིད་བཙོན་པ་༡༨༠༠ལྷག་ཙམ་བཀག་ཉར་བྱེད་ཡོད་པ་རེད་། ཡང་བོད་མདོ་དབུས་ཁམས་གསུམ་ནས་ཆབ་སྲིད་བཙོན་པ་མང་ཤོས་དེ་བོད་ཀྱི་དཀར་མཛེས་ཁུལ་དང་། དེ་ནས་རྔ་པ་རང་སྐྱོང་ཁུལ། དེ་རྗེས་ལྷ་ས་བཅས་ནས་མང་ཤོས་ཡིན་པ་ས་ཁྲ་ཐོག་མིང་དང་ལོ་དུས་བཅས་བཀོད་ཡོད་འདུག། ཡང་ཐོག་གཞུང་དེའི་ནང་ནས་སོག་རྫོང་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་ཞེས་པ་ཁོང་ལ་བསྡོམས་པའི་ལོ་༤༠ཙམ་རིང་བཙོན་འཇུག་བྱས་འདུག་པ་དང་། ཁོང་ནི་ཆབ་སྲིད་བཙོན་པ་ནང་ནས་བཙོན་འཇུག་ལོ་ཡུན་རིང་ཤོས་དེ་ཡིན་པ་རེད། ཡང་ཆབ་སྲིད་བཙོན་པ་ཚོར་ལས་རིགས་ཐོག་ནས་ཆ་བགོས་ཀྱི་སྐབས་སུ། དགེ་འདུན་པ་དང་བཙུན་མ་མང་ཤོས་རེད་འདུག ཞིབ་ཕྲ་གནས་དོན་དེ་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་གི་ལས་འཆར་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ལ། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅར་འདྲི་བྱས་པར་ཉན་རོགས་ཞུ།།
བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་ལྔ་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་དྲྭ་ཚིགས་ཀྱི་མདུན་ངོས།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག