བགྲེས་པོའི་ངག་རྒྱུན་ལས་བོད་ཀྱི་ལོ་རྒྱུས།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ནས་ཡིན་པའི་བསྟན་པ་ཆོས་འཕེལ་ལགས་ཀྱི་ངག་རྒྱུན་ལས་བོད་ཀྱི་ལོ་རྒྱུས།

བསྟན་པ་ཆོས་འཕེལ་ལགས། བོད་མིའི་ངག་རྒྱུན་ལས་འཆར།

༄༅།    །ཐེངས་འདིའི་བཙན་བྱོལ་གྱི་མི་ཚེ་ཞེས་པའི་ལེ་ཚན་ནང་།    རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་རྒན་གསོ་ཁང་གི་དགུང་གྲངས་༧༨ཙམ་ལ་ཕེབས་པ་བསྟན་པ་ཆོས་འཕེལ་ལགས་ཀྱི་ལོ་རྒྱུས་ལས།        བྱིས་པའི་སྐབས་སུ་ཕྱག་ལས་གང་གནང་ཡོད་པ་དང་།    བོད་ནང་དུས་འགྱུར་མ་བྱུང་གོང་ལ་གཞུང་དང་ཆོས་གཞིས་སོགས་ལ་མི་མང་ཚོས་ཁྲལ་འདྲ་མིན་ཕུལ་དགོས་པའི་མྱོང་འཚོར་སྐོར་དྲན་ཐོའི་གཟུགས་སུ་ཁོང་གི་ཞལ་ནས་གསུང་པ་སྙིང་བསྡུས་ཙམ་ཞིག་འབེན་པ་སྟོབས་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་གི་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org