ལྷ་སའི་མཁའ་རླུང་བཙོག་སྒྲིབ་ཀྱིས་ཁེབས་འདུག

བོད་ཀྱི་རྒྱལ་ས་ལྷ་སའི་མཁའ་རླུང་བཙོག་སྒྲིབ་ཀྱིས་ཁེབས་ནས་ཕོ་བྲང་པོ་ཏྭ་ལ་ཡང་རྒྱང་མཇལ་མི་ཐུབ་པ་ལྟ་བུར་གྱུར་འདུག

ལྷ་སའི་མཁའ་རླུང་བཙོག་སྒྲིབ་ཀྱིས་ཁེབས པར། བོད་འབྱོར།

བོད་ཀྱི་རྒྱལ་ས་ལྷ་སའི་མཁའ་རླུང་བཙོག་སྒྲིབ་ཀྱིས་ཁེབས་ནས་ཕོ་བྲང་པོ་ཏྭ་ལ་ཡང་རྒྱང་མཇལ་མི་ཐུབ་པ་ལྟ་བུར་གྱུར་འདུག
དེ་ཡང་གནས་ཚུལ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་ས་དེ་བཞིན་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིས་ཊར་༣༧༠༠ཡོད་པ་དང་། འཛམ་གླིང་གི་གྲོང་ཁྱེར་མཐོ་ཤོས་ཀྱི་གྲས་ཤིག་ཡིན། རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གིས་ཟླ་སྔོན་མ་ལྷ་ས་ནི་རྒྱ་ནག་གི་མཁའ་རླུང་ཡག་ཤོས་ཀྱི་གྲོང་ཁྱེར་བཅུའི་ནང་གི་གཅིག་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་པ་རེད། འོན་ཀྱང་ཚེས་༡༩ཉིན་རྒྱ་ནག་གི་བྱང་ཕྱོགས་ཁུལ་གྱི་ཐལ་རླུང་ཀྱི་ཤུགས་རྐྱེན་འོག་ལྷ་ས་གྲོང་ཁྱེར་གྱི་བར་སྣང་ཡང་ཐལ་རླུང་བཙོག་པས་སྒྲིབ་ནས་ཕོ་བྲང་པོ་ཏ་ལར་ཡང་རྒྱང་མཇལ་མི་ཐུབ་པར་གྱུར་ཡོད་པ་ཧོང་ཀོང་གི་ifengདྲ་བས་གནས་ཚུལ་སྤེལ་འདུག
མཁའ་རླུང་འབག་བཙོག་གི་ཐལ་རྡུལ་གནམ་གཤིས་དེ་རིགས་ཀྱིས་མིའི་གཟུགས་གཞིར་གནོད་ཚབས་ཆེན་པོ་ཡོད་པ་མ་ཟད། དམིགས་བསལ་གློ་བའི་ནད་གཞི་དང་། པགས་ནད་སོགས་ཕོག་རྒྱུར་ཉེན་ཚབས་ཆེན་པོ་ཡོད་པ་རེད། ལྷ་སའི་ཁུལ་དུ་མཁའ་རླུང་འབག་བཙོག་གི་ཐལ་རྡུལ་གནམ་གཤིས་དེའི་རྐྱེན་པས་ཕན་ཚུན་བར་ཐག་ཉེ་བ་མ་གཏོགས་མཐོང་མི་ཐུབ་པ་དང་། གནམ་ཐང་དུ་གནམ་གྲུ་འབབ་མི་ཐུབ་པ་སོགས་ཀྱི་དཀའ་ངལ་འོག་གནམ་གྲུ་མི་ཉུང་བ་ཕྱིར་ལོག་བྱེད་དགོས་བྱུང་འདུག

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org