མགོ་ལོག་ཏུ་བོད་མི་བདུན་འཛིན་བཟུང༌།

མདོ་སྨད་མགོ་ལོག་པདྨ་རྫོང་དུ་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པའི་ནག་ཉེས་འོག་བོད་མི་བདུན་འཛིན་བཟུང་བྱས་པ།

མདོ་སྨད་མགོ་ལོག་པདྨ་རྫོང་དུ་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པའི་ནག་ཉེས་འོག་བོད་མི་བདུན་འཛིན་བཟུང་བྱས་པ། བོད་ནས་བཏང་འབྱོར།

༄༅༎ཕྱི་ཟླ་༡༡ཚེས་༢༤རེས་གཟའ་ཉི་མའི་ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་བོད་ནས་གནས་ཚུལ་འབྱོར་བར་གཞིགས་ན།ཕྱི་ཟླ་༡༡ཚེས་༡༡ཉིན་མདོ་སྨད་མགོ་ལོག་པདྨ་རྫོང་གི་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་བའི་དོན་རྐྱེན་དང་འབྲེལ་ཡོད་པའི་ནག་ཉེས་བཙུགས་ནས་རྒྱ་ནག་གཞུང་གིས་ས་གནས་ཀྱི་བོད་མི་བདུན་འཛིན་བཟུང་བྱས་ཡོད་པ་དང༌།ས་གནས་སུ་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཞིག་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org