བོད་གཞུང་གི་སྐུ་ཚབ་ཚོས་བོད་རྒྱ་ནག་ལ་རང་དགར་སྟེར་པ་རེད་ཟེར་བ་འདི་བདེན་པ་མ་རེད་ཅེས་གསུངས།

འདི་རིང་གི་ཉིན་མོ་དེ་ནི་བོད་གཞུང་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་ཕྱི་ལོ་ ༡༩༥༡ ལོར་པེ་ཅིན་དུ་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་བཙན་འོག་ཏུ་བཞག་ནས་བགྲང་བྱ་ཧྲིལ་པོ་ ༧༢ འཁོར་བའི་ཉིན་མོ་ཡིན་པ་རེད།

སྒྲིག་བཟོ།

ཕྱི་ཟླ་ ༥ ཚེས་ ༢༣ ཉིན་མོ་འདི་བཞིན་བོད་གཞུང་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་ཕྱི་ལོ་ ༡༩༥༡ ལོར་པེ་ཅིན་དུ་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་རྒྱ་བོད་དབར་གྱི་ཆིངས་ཡིག་ལ་ས་རྟགས་བཀོད་བཅུག་སྟེ་བགྲང་བྱ་ཧྲིལ་པོ་ ༧༢ འཁོར་བ་དང་།  བོད་ནང་སྐྱེས་ཚར་བྱུང་བའི་བོད་ཀྱི་ལོ་རྒྱུས་སྨྲ་བ་གཙང་ཕྲུག་སྟོབས་ལགས་ཀྱིས་གསུངས་ན།  སྐབས་དེར་རྒྱ་ནག་བཅིངས་གྲོལ་དམག་གིས་བོད་ཆབ་མདོ་བར་བཙན་འཛུལ་བྱས་ཟིན་ཏེ་ཡིག་ཆ་འདིར་ས་རྟགས་མི་བཀོད་ན་དྲག་པོས་བཙན་འཛུལ་བྱ་རྒྱུ་ཡིན་ལུགས་ཉེན་བརྡའི་གནས་བབ་འོག་བོད་གཞུང་གི་སྐུ་ཚབ་ལ་གདམ་ཀ་མེད་པར་པེ་ཅིན་དུ་ས་རྟགས་བཀོད་པ་ཞིག་ཡིན་པ་ལས།  དེང་སྐབས་བོད་མི་རེ་འགས་གཤོད་བཞིན་པ་ལྟར་བོད་གཞུང་གི་སྐུ་ཚབ་ཚོས་བོད་རྒྱ་ནག་ལ་རང་དགར་སྟེར་པ་རེད་ཟེར་བ་འདི་བདེན་པ་མ་རེད་ཅེས་གསུངས་བྱུང་། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཡིག་ཆ་འདི་གནས་སྟངས་ཇི་འདྲ་ཞིག་གི་འོག་བཞག་བཅུག་མིན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་སུ་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org