བོད་རྒྱ་ཞི་མོལ།
བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཐེངས་༢༦པའི་ཐོག་༧གོང་ས་མཆོག་གི་སྐུ་ཚབ་གསར་བསྐོ་ཐུབ་མེད་ཀྱང་། བོད་པའི་ཕྱོགས་ནས་འབྲེལ་མོལ་གྱི་ཆེད་དུ་གྲ་སྒྲིག་ཆ་ཚང་ཡོད་སྐོར་གསུངས་སོང་།
-
2013-09-11 -
-
-
གཡོན་ཕྱོགས་ནས། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས།
Your browser doesn’t support HTML5 audio
༄༅། །དེ་རིང་གི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་། 《བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༦པ་དང་། བོད་རྒྱ་འབྲེལ་བའི་འཕེལ་རིམ་》ཞེས་པའི་བརྗོད་གཞིའི་ཐོག་གླེང་མོལ་ཞུས་ཡོད། ང་ཚོའི་ལས་རིམ་དེའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས། དེ་བཞིན་རྒྱ་ནག་རིག་པའི་མཁས་དབང་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་བཅས་ཕེབས་ནས་དགོངས་འཆར་ལྷུག་པོ་གནང་ཡོད།།